འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་གོས་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ནང་ཞུགས་རྒྱུའི་
    ཞུ་ཡིག་ཕུལ་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 09:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཀྲུང་གོས་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ནང་ཞུགས་རྒྱུའི་ཞུ་ཡིག་ཕུལ་ཟིན་པ་དང་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱི་དངོས་གཞིའི་ཁོངས་མིར་འགྱུར་བ་བྱས་ནས་ནུས་པ་སྔར་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
         ལུའུ་ཁང་གིས་ཚེས་13ཉིན་གྱི་སྔ་དྲོ་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཝང་ཁྲའོ་ཡིས་ཀྲུང་གོར་འཚམས་འདྲི་གནང་བཞིན་པའི་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་སི་དབུན་དང་ཐུག་འཕྲད་བྱས་པ་དང་འབྲེལ་པུའུ་ཀྲང་ཝང་དབྱིས་མིང་རྟགས་བཀོད་པའི་ཀྲུང་གོ་འདི་ཉིད་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ནང་ཞུགས་རྒྱུའི་སྐོར་གྱི་ཞུ་ཡིག་ཕུལ་བ་རེད། སྤྱི་ཁྱབ་ཀན་ཧྲི་སི་དབུན་གྱིས་དེར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་ཆབས་ཅིག་ཚད་མཐོའི་བསྔགས་བརྗོད་ཀྱང་གནང་ཡོད་ཅེས་བརྗོད་པ་རེད།
         ལུའུ་ཁང་གིས་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ནི་གནས་སྤོས་ཡུལ་མིའི་ཁྱབ་ཁོངས་ཀྱི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་གལ་ཆེ་ཤོས་ཤིག་རེད། ཀྲུང་གོ་འདི་ཉིད་2001ལོ་ནས་བཟུང་རྩ་འཛུགས་དེའི་ལྟ་ཞིབ་པར་གྱུར་པ་དང་ཕྱོགས་གཉིས་པོས་གནས་སྤོས་ཡུལ་མིའི་དོ་དམ་བྱེད་ནུས་འཛུགས་སྐྱོང་དང་ཕྱི་རྒྱལ་དུ་ཁེ་སྐྱོང་སྲུང་སྐྱོབ་སོགས་ཐད་དངོས་སྒྲུབ་ཀྱི་མཉམ་ལས་འབོར་ཆེན་བྱས་ཡོད་པས་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱིས་སི་རི་ཡ་དང་སྨི་ཁེ་ལུའོ་ཉི་ཤི་ཡ་སོགས་ས་གནས་སུ་དེ་སྔ་དཀའ་ངལ་འཕྲད་མྱོང་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་གཞོགས་འདེགས་བྱས་ཡོད། ཀྲུང་གོ་ནི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ་གནས་སྤོས་ཡུལ་མིའི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན་པས་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་རྩ་འཛུགས་ཀྱི་དངོས་གཞིའི་ཁོངས་མིར་གྱུར་ཚེ། དེས་རྒྱལ་སྤྱིའི་གནས་སྤོས་ཡུལ་མིའི་ཁྱབ་ཁོངས་སུ་ནུས་པ་སྔར་བས་ཆེ་བ་འདོན་ཐུབ་རྒྱུ་མ་ཟད། ཀྲུང་གོའི་བློ་གྲོས་གང་ཐུབ་བཏོན་ནས་གནས་སྤོས་ཡུལ་མིའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྔར་བས་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།