འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཙོང་ཉ་གྱེན་རྒྱུའི་ཐོགས་མེད་བགྲོད་ལམ་བཟོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཉ་ལས་དོ་དམ་སྤྱི་ཁྱབ་ས་ཚིགས་ནས་ཤེས་རྟོགས་བྱས་པ་ལྟར་ན། ཙོང་ཉ་གྱེན་རྒྱུའི་ཐོགས་མེད་བགྲོད་ལམ་བདེ་བླག་ཡོང་ཆེད། མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི་3672བཏང་ནས་ཨོམ་ཆུ་དང་། མཚོ་འཁྱིལ་ཆུ། ཧར་དགེ་ཆུ་བཅས་ཀྱི་ཆུ་རགས་བཤིགས་ཏེ་འཐེམ་སྐས་7གསར་སྐྲུན་དང་རྒྱས་སྐྲུན་བྱས་པའི་ནང་6གསར་དུ་བསྐྲུན་པ་དང་1བསྐྱར་སྐྲུན་བྱས་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ལས་གྲྭ་དེ་ན་ནིང་གི་ཟླ་9ཚེས་15ཉིན་སྐྲུན་འགོ་ཚུགས་ཚུན་ཟླ་བ་གཅིག་གི་ནང་ལས་གྲྭའི་ལས་འབོར་ཡོངས་ཀྱི་80%ལེགས་གྲུབ་བྱུང་ཡོད། ད་ལོའི་ཟླ་4ཚེས་2ཉིན་ལས་སྐྲུན་བསྐྱར་ཚུགས་བྱས་ནས་ཚེས་30ཉིན་བར་ལས་མཇུག་ཁྱོན་ཡོངས་ནས་འགྲིལ་ཡོད་པ་རེད།
         ད་ལོའི་ཟླ་5པའི་ཟླ་དཀྱིལ་དུ་རྐང་ཚ་རྫོང་གི་རྒྱ་ཁྱོན་ཆེ་བའི་རྨོ་ཞིང་ནང་སྔ་སྣུར་དུ་ཆུ་དྲངས་པ་དང་། ཟླ་ལྔ་པའི་ཟླ་མཇུག་ཏུ་ཆུ་ལམ་དུ་རྒྱུགས་ཆུ་སླར་གསོ་ཡོང་བ་བྱས་ཏེ་ཙོང་ཉ་གྱེན་རྒྱུའི་ཐོགས་མེད་ཡོང་བའི་འགན་ལེན་བྱས་ཡོད། མིག་སྔར། ཙོང་ཉ་གྱེན་རྒྱུའི་ཐོགས་མེད་བགྲོད་ལམ་ཁག་ཡུལ་སྐོར་བས་ཉ་ལ་ལྟད་མོ་བལྟ་སའི་མཛེས་ལྗོངས་སུ་གྱུར་པ་དང་། ཡུལ་དེ་གའི་འབྲོག་པ་རྣམས་ཀྱིས་བགྲོད་ལམ་གྱི་ཉེ་འཁོར་དུ་འབྲོག་ཁྱིམ་སྤྲོ་ཁང་གཉེར་ནས་ཉ་ལ་ལྟ་མཁན་ཡུལ་སྐོར་བར་བཟའ་བཏུང་དང་ཞག་སྡོད་ཀྱི་ཞབས་ཞུ་གཉེར་ཏེ་ཡོང་འབབ་གསོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།