འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་བཀྲ་ཤིས་ཕུན་ཚོགས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་12ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་བཀྲ་ཤིས་ཕུན་ཚོགས།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་ས་ཁུལ་ལྷོ་མ་གྲོང་རྡལ་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལོ་34ལ་སླེབས་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་བཀྲ་ཤིས་ཕུན་ཚོགས་ཀྱིས“འདབ་ཆགས་གླིང་ཕྲན”སྲུང་གི་ཡོད།
         སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་བོད་བྱང་ཐང་དུ་ཆགས་ཤིང་། དེར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ཟིན་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་གཉིས་ཙམ་ཟིན་ཡོད། དེར་རྩ་ཆེ་ལ་དཀོན་པའི་འདབ་ཆགས་རིགས་སྣ་ཚོགས་དང་། གཙོད། རྐྱང་། དགོ་བ་ལ་སོགས་འཚོ་སྡོད་བྱེད་པ་དང་བཀྲ་ཤིས་ཕུན་ཚོགས་དང་ཁོང་གི་ལས་རོགས་གཉིས་ཀྱིས་ཡུལ་དེར་སྐོར་ཞིབ་བྱས་ནས་རྔོན་རྒྱག་མཁན་དང་ཉ་འཛིན་མཁན་བཀག་འགོག་བྱེད་ཀྱི་ཡོད།
         ཉེ་བའི་ལོ་ཤས་རིང་རིམ་ཁག་སྲུང་སྐྱོང་ཁུལ་གཅིག་རྗེས་གཉིས་མཐུད་ངང་བཙུགས་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་སྲུང་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་སོང་བ་དང་སྦྲགས་བོད་ཀྱི་རྩ་ཆེ་ལ་དཀོན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། འདི་ནི་ཟླ་6ཚེས་7ཉིན་བཀྲ་ཤིས་ཕུན་ཚོགས་ཀྱིས་སེར་གླིང་མཚོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི“འདབ་ཆགས་གླིང་ཕྲན”ལ་རྒྱང་ལྟ་བྱེད་པའི་གནས་ཚུལ་ཡིན་པ།
    ༄༅།།བོད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་བཀྲ་ཤིས་ཕུན་ཚོགས།
      

    ཕྱོགས་བསྡུས་གསར་འགྱུར།