འཚོལ་བཤེར།   
藏文频道
2016ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོའི་ལོ་འཁོར་གྱི་བོད་གློག་དངོས་སུ་ཕྱིར་གཏོང་བྱེད་འགོ་ཚུགས་པ།

    སྔོན་དཔག་བྱས་ན་འདི་ལོའི་དབྱར་དུས་སུ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་4ཕྱིར་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 06ཚེས་15ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་6ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་བདུན་པར་2016ལོའི་ལོ་འཁོར་གྱི་བོད་གློག་དངོས་སུ་ཕྱིར་གཏོང་བྱེད་འགོ་ཚུགས་པ་རེད།
         ཉིན་30བསྟུད་མར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཟླ་6ཚེས་4ཉིན། ཆན་ཕུའུ་± 400ཡི་མཚོ་བོད་ཐད་རྒྱུག་(བོད་ལྗོངས་དུམ་བུ)གློག་སྐྱེལ་སྐུད་ལམ་དེ་ལོ་སྔོན་མ་ལས་དུས་ཡུན་ཟླ་བ་གཉིས་ཀྱི་སྔ་སྣུར་དུ་ལོ་འཁོར་གྱི“ཞིབ་བཤེར”ཁག་ལེགས་གྲུབ་བྱུང་ནས་འདི་ལོའི་བོད་གློག་ཕྱིར་གཏོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། སྔོན་དཔག་བྱས་ན། འདི་ལོའི་དབྱར་དུས་སུ་མཚོ་བོད་ཐད་རྒྱུག་གློག་སྐྱེལ་གློག་སྐུད་ལ་བརྟེན་ནས་མཚོ་སྔོན་ལ་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་4ཕྱིར་གཏོང་བྱ་རྒྱུ་ཡིན་པ་རེད།
         མཚོ་བོད་ཐད་རྒྱུག་(བོད་ལྗོངས་དུམ་བུ་)གློག་སྐྱེལ་སྐུད་ལམ་སྐྱོན་བྲལ་ངང་འཁོར་སྐྱོད་བྱེད་པའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་བོད་ལྗོངས་གློག་ཤུགས་ནང་ཁུལ་དུ་དང་ལེན་དང་ཕྱི་ཕྱོགས་སུ་གཏོང་བའི་གློག་ཚད་མཐོ་རུ་གཏོང་ཆེད། འདི་ལོའི་ལོ་འཁོར་གྱི་ཞིབ་བཤེར་བཟོ་བཅོས་ལས་དོན་ཁྲོད་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་སྔ་སྣུར་དུ་བཀོད་སྒྲིག་བྱས་ཏེ་རིམ་རྩིས་བྱས་ན་ཆེད་ལས་ལག་རྩལ་མི་སྣ་123ལྷག་ཙམ་མངགས་གཏོང་བྱས་ནས་སྐུད་ལམ“གློག་ཕྱོགས་ཡོངས་ནས་གཏོང་མཚམས་བཞག་སྟེ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པའི”རྩ་དོན་ལྟར་ས་གནས་ས་ཐོག་ཏུ་ཞིབ་བཤེར་བཟོ་བཅོས་ལས་དོན་སྤེལ་བ་རེད། ཞིབ་བཤེར་བཟོ་བཅོས་མི་སྣས་ས་བབ་མཐོ་བ་དང་། གསོ་རླུང་འདུས་ཚད་དམའ་བ། ས་བབ་ཆགས་ཚུལ་རྙོག་འཛིང་ཆེ་བ། གནམ་གཤིས་འགྱུར་ལྡོག་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་ཧུར་ཐག་བྱས་ཏེ་ལམ་རྒྱུད་དུ་བཅའ་སྡོད་བྱེད་པ་དང་ནུས་ཤུགས་ཡོད་རྒུས་འདི་ལོ་བོད་ཀྱི་ཆར་དུས་མ་སླེབས་གོང་དུ་མངོན་མེད་རྐྱེན་ངན་ཁག་176ལ་གྲལ་བཤེར་བཅོས་སྒྲིག་གི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་པ་མ་ཟད། ལམ་རྒྱུད་ཀྱི་ལྕགས་སྒྲོམ་ཁག་ལ་བྱ་བྱིའུ་ཡི་གནོད་འཚེ་སྔོན་འགོག་སྒྲིག་ཆས་456བསྒར་ནས་ལམ་རྒྱུད་ཀྱི་བདེ་འཇགས་དང་བརྟན་ལྷིང་གི་འཁོར་སྐྱོད་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།