འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་དམག་བསྡུའི་དྲིལ་བསྒྲགས་བྱེད་སྒོ་སྤྱི་གླིང་དུ་ཐེངས་དང་པོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མང་ཚོགས་ཁྲོད་དམག་བསྡུ་དྲིལ་བསྒྲགས་བྱེད་པ་དང་མང་ཚོགས་དང་ཉེ་བཅར་ཐུབ་པ་བྱས་ནས་དྲིལ་བསྒྲགས་ཀྱི་ཁྱབ་ཁྱོན་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། དམག་ཨུད་རྒྱལ་སྲུང་སྐུལ་སློང་པུས་རྒྱལ་ཡོངས་སུ་སྤྱི་གླིང་ནང་དམག་བསྡུའི་དྲིལ་བསྒྲགས་བྱེད་སྒོ་ཐེངས་དང་པོ་སྤེལ་བ་རེད། ཟླ་4ཚེས་8ཉིན་ཐེངས་དང་པོའི་དམག་བསྡུའི་དྲིལ་བསྒྲགས་བྱེད་སྒོའི་ནང་དོན་དེ་སྤྱི་གླིང་བསྐྲུན་ནས་ལོ་850འཁོར་བའི་པེ་ཅིང་པེ་ཧའེ་སྤྱི་གླིང་དུ་འགྲེམས་སྟོན་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དམག་བསྡུའི་དྲིལ་བསྒྲགས་བྱེད་སྒོ་སྤྱི་གླིང་དུ་སྤེལ་བ་ནི་རྒྱལ་སྲུང་སློབ་གསོའི་གཞི་རྒྱུ་སྤྱི་གླིང་གི་རིག་གནས་རྣམ་པ་དང་མཉམ་འདྲེས་གང་ལེགས་བྱེད་པའི་ཕན་ཡོད་ཀྱི་ཚོད་ལྟ་བྱེད་ཐེངས་ཤིག་དང་འདི་ལོའི་དམག་ཨུད་རྒྱལ་སྲུང་སྐུལ་སློང་པུའི་དམག་བསྡུའི་དྲིལ་བསྒྲགས་བྱེད་སྒོའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།