འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའུ་དང་སྤྱི་བདེ་པུའུ་ཡིས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་ཕྱིར་ཕྱོགས་
    ཡོངས་དང་ཕྱོགས་བསྡུས་ཀྱི་བདེ་འཇགས་དྲ་བ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཀྱི་བདེ་འཇགས་དྲ་བ་ཞིག་འཛུགས་ཆེད། སློབ་གསོ་པུའུ་དང་། སྤྱི་བདེ་པུའུ་ཡིས་ཚེས་8ཉིན་མཉམ་འབྲེལ་ཐོག་རྒྱལ་ཡོངས་སློབ་གྲྭའི་བདེ་འཇགས་ལས་དོན་གི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་སློབ་གྲྭའི་བདེ་འཇགས་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཚོགས་འདུས་སློབ་གྲྭའི་བདེ་འཇགས་ལ་འགན་ལེན་བྱེད་པའི་བྱ་ཐབས་རབ་དང་རིམ་པ་ཁ་གསལ་བཏོན་ཡོད་པ་རེད།
         སློབ་གསོ་པུའི་པུའུ་ཀྲང་ཡོན་ཀུའེ་རེན་གྱིས་སློབ་གྲྭའི་བདེ་འཇགས་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཐུབ་པར་ཏང་སྲིད་འགོ་ཁྲིད་ཨང་དང་པོས་འགན་འཁྲི་གཙོ་བོ་འཁུར་མཁན་གྱི་འགན་འཁྲི་ནན་ཏན་ངང་འཁུར་དགོས། བདེ་འཇགས་འགན་འཁྲི་རིམ་པས་ཞིབ་ཆ་ཅན་དུ་དབྱེ་ནས་སློབ་གྲྭའི་དུས་རྒྱུན་གྱི་སློབ་གསོ་དང་དོ་དམ་གྱི་ལས་དོན་ཁག་དང་། ལྷུ་ཚིགས་ཁག་ནང་དོན་འཁྱོལ་ཐུབ་པ་བྱེད་དགོས། སློབ་གྲྭའི་བདེ་འཇགས་ཞིབ་བཤེར་གྱི་ཕྱོགས་སྟོན་གསལ་ཐོ་བཟོས་ནས་འབད་བརྩོན་ཆེན་པོས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་གྲིབ་ཆ་དང་ཞན་ཆ་མེད་པ་བཟོ་དགོས། ས་ཁུལ་གི་སློབ་གྲྭ་ཁག་གིས་བདེ་འཇགས་སློབ་གསོ་དེ་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཕྱོགས་ཁག་ནང་ཁྱབ་ཐུབ་པ་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ཏེ་རྟག་ཏུ་འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་བྱེད་དགོས་ལ་དམིགས་སའི་རང་བཞིན་ཡོད་པའི་ཐོག་ནས་སློབ་ཕྲུག་དང་ཁྱིམ་བདག་གི་བདེ་འཇགས་སློབ་གསོའི་དྲིལ་བསྒྲགས་ལས་དོན་ཡག་པོ་སྤེལ་དགོས། མི་རྒྱུ་རྩལ་གསུམ་གྱི་ཐབས་ལ་བརྟེན་ནས་འགོག་པའི་བྱ་ཐབས་འཐུས་ཚང་དུ་གཏོང་རྒྱུ་དེ་སློབ་གྲྭ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་བྱེད་པའི་ལས་དོན་ནང་བཅུག་ནས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ལ་དགོས་ངེས་ཀྱི་བདེ་སྲུང་པ་བཀོད་སྒྲིག་བྱེད་པ་དང་སློབ་གྲྭའི་བདེ་འཇགས་རྩལ་འགོག་མ་ལག་འཛུགས་པ་དང་། རིམ་སྤོར། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས་ཞེས་བཤད་པ་རེད།
         སྤྱི་བདེ་པུའི་པུའུ་ཀྲང་གཞོན་པ་ཧོང་མིང་གིས་སློབ་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་སོགས་སྡེ་ཚན་དང་མཉམ་འབྲེལ་ཧུར་ཐག་བྱས་ནས་ཉེན་ཁར་དབྱེ་ཞིབ་དང་ཉེན་བརྡ་གཏོང་བ་དང་། སློབ་གྲྭ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པ། སློབ་གྲྭའི་བདེ་སྲུང་བྱེད་ཐབས་བཟོ་བ། སློབ་གྲྭའི་རླངས་འཁོར་བདེ་འཇགས་དོ་དམ་ལས་དོན་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། ཉེན་རྟོག་པ་དང་སློབ་གྲྭ་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་སློབ་གྲྭའི་བདེ་འཇགས་ལས་དོན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡོང་བར་བརྟན་ལ་ཞིབ་ཚགས་གྱི་ཐོག་ནས་དམ་འཛིན་ཡག་པོ་བྱས་ནས་རྒྱ་ཆེའི་དགེ་སློབ་ལ་བདེ་འཇགས་དང་བརྟན་ལྷིང་གི་སློབ་སྦྱོང་དང་ལས་ཀའི་ཁོར་ཡུག་གཅིག་བསྐྲུན་ཐུབ་པ་བྱེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།