འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”གྲས་ཀྱི་པ་ལན་ཤའོ་ཁ་ན་ཏ་ནས་
    རྒྱལ་ནང་དུ་ལོག་སྟེ་རང་ཉེས་ངོས་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་11ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་7ཉིན་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར། ཟླ་4ཚེས་6ཉིན་ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་རྗེས་འདེད་དངུལ་འདེད་ལས་དོན་གཞུང་དོན་ཁང་གི་སྤྱི་འདོམས་མཛུབ་ཁྲིད་འོག་དང་ཁྲུང་ཆིང་གྲོང་ཁྱེར་རྗེས་འདེད་དངུལ་འདེད་གཞུང་དོན་ཁང་གི་མཐུན་སྦྱོར་ལྟ་སྐུལ་འོག་ཁྲུང་ཆིང་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་དོན་ཏན་ཏིག་བསྒྲུབས་པས་ཁ་ན་ཏར་ལྐོག་བྲོལ་བྱེད་མཁན“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”གྲས་ཀྱི་ཨང་85པ་པ་ལན་ཤའོ་རྒྱལ་ནང་དུ་ལོག་སྟེ་རང་ཉེས་ངོས་ལེན་ཞུས་པ་རེད། མིག་སྔའི་བར“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”གྲས་ནས་མི་26ལ་འདྲི་དཔྱོད་བྱེད་བཞིན་ཡོད་པ་རེད།
         པ་ལན་ཤའོ། སྐྱེས་པ། 1957ལོའི་ཟླ་6པར་སྐྱེས། དེ་སྔ་ཏ་ལན་ཁྲུན་མིང་རྒྱལ་སྤྱི་ཚོང་དོན་ཚད་ཡོད་ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན་པ་དང་ལྐོག་རྔན་བླངས་པའི་ཉེས་པ་བསགས་པའི་དོགས་གཞི་ཡོད་པས་2014ལོའི་ཟླ་གསུམ་པར་ཁ་ན་ཏར་བྲོས་བྱོལ་དུ་སོང་།
      

    ཕྱོགས་བསྡུས་གསར་འགྱུར།