འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཅི་ལིན་གྱིས་དཔྱིད་རྨོད་དཔྱིད་གྲབས་ཀྱི“ས་བོན”ལེགས་འདེམས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཅི་ལིན་ཞིང་ཆེན་གྱིས་ས་བོན་གྱི་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་ཡོང་ཆེད་མིག་སྔའི་བར་ཞིང་ཆེན་དེ་ཡོངས་ཀྱིས་ཁྲིམས་འཛིན་མི་ཐེངས་9376དང་ཁྲིམས་འཛིན་རླངས་འཁོར་2850བཏང་སྟེ་ས་བོན་གྱི་ཁྲོམ་རར་ཞིབ་བཤེར་ཐེངས་1771བྱས་པ་དང་། གྱོད་གཞི་127ལ་ཞིབ་བཤེར་ཐག་གཅོད་བྱས་པའི་གྱོད་འབྲེལ་དངུལ་སྒོར་ཁྲི་47ཟིན་པ་དང་ཉེས་ཆད་དང་གཞུང་བཞེས་བཏང་བའི་དངུལ་སྒོར་ཁྲི་98.7ཟིན་ཡོད།
         ཞིང་ལས་ཐོན་སྐྱེད་ཐད་ས་བོན་ཡག་པོ་སྤྱོད་ཆེད་ཅི་ལེན་ཞིང་ཆེན་གྱིས་དཔྱིད་དུས་ཀྱི་ས་བོན་ཁྲོམ་རར་ཕྱོགས་ཡོངས་ནས་སྤུས་ཚད་འཐེན་བཤེར་བྱས་པ་དང་། འཐེན་བཤེར་བྱས་པ་དང་དུས་མཚུངས་ས་བོན་ལྷད་མེད་ཚད་ཀྱི་གསལ་འབྱེད་ལས་དོན་སྤེལ་བ། གཙོ་གནད་ཁེ་ལས་དང་། སྣ་ཁ། སྤུས་ཚད་ཐད་དོགས་གཞི་ཡོད་པའི་དཔེ་མཚོན་ཐོན་རྫས་བཅས་ཟུར་འཐེན་བྱས་ཏེ་ཧའེ་ནན་ཏུ་བསྐྱལ་ནས་ཆེད་དོན་མི་སྣས་འདེབས་འཛུགས་གསལ་འབྱེད་ཀྱི་ལས་དོན་སྤེལ་བ། གསལ་འབྱེད་བྱས་འབྲས་ཞིང་ཆེན་དེ་ཡོངས་སུ་ཡོངས་བསྒྲགས་དང་འབྲེལ“གནད་དོན་ཡོད་པའི་ས་བོན”ཚུར་བསྡུ་བྱ་རྒྱུ་རེད། ཚད་དང་མ་མཐུན་པའི་ས་བོན་166རྩད་ཆོད་ཐུབ་པ་དང་། ཚོང་གཉེར་ལག་ཁྱེར་མེད་པའི་དུད་ཚང་19མེད་པ་བཟོས་པ། ས་བོན་སྤྱི་རྒྱ་ཁྲི་1.4གཞུང་བཞེས་བཏང་བ། “གནད་དོན་ཡོད་པའི་ས་བོན”སྤྱི་རྒྱ་ཁྲི་1.2ཚུར་བསྡུ་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།