འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།"འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་སྣ་བརྒྱའི"ཁྲོད་ཀྱི་ཀྲང་ལི་ཕིང་ལ་
    རང་རྒྱལ་དུ་ལོག་རྒྱུའི་ཁ་ཏ་བསླབ་བྱ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་དོན་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། རང་རྒྱལ་གྱི་ཕྱི་འབྲེལ་པུའུ་དང་། སྤྱི་བདེ་པུའུ། ཕེ་རུར་བཅའ་སྡོད་གཞུང་ཚབ་ལས་ཤག་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་བརྒྱུད། ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་ནས་ལོ་17ཕྱིན་པའི“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་སྣ་བརྒྱའི”ཁྲོད་ཀྱི་ཨང་63པ་ཡིན་པའི་ཀྲང་ལི་ཕིང་རང་རྒྱལ་དུ་ལོག་རྒྱུར་གྲུབ་འབྲས་ཐོབ་པའི་སྒོ་ནས་ཁ་ཏ་བསླབ་བྱ་བྱས་པ་དང་། དེ་ནི་ཕྱི་རྒྱལ་ནས་ལོག་པའི“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་སྣ་བརྒྱའི”ཁྲོད་ཀྱི་ཨང་25པ་དེ་རེད།
         ཀྲང་ལི་ཕིང་། མོ། 1951ལོའི་ཟླ་ལྔ་པར་སྐྱེས། ཧྲང་ཧའེ་པེ་ཕུའུ་ལའེ་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་གཅིག་ལྕོགས་ཡིན་པ། གནས་ཐང་འཕར་ཁྲལ་གྱི་ཆེད་སྤྱོད་འཛིན་ཤོག་རྫུན་འབྲི་བྱས་པའི་ནག་ཉེས་ཀྱི་དོགས་གཞི་ཆེན་པོ་ཡོད་པས་1999ལོའི་ཟླ་8པར་ཐེ་ལན་དུ་བྲོས་བྱོལ་དུ་སོང་བ་དང་། རྗེས་སུ་དུས་ཡུན་རིང་པོ་ཞིག་ཕེ་རུར་གབ། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་འཛིན་བཟུང་གི་བཀའ་རྒྱ་དམར་པོའི་ཨང་གྲངས་A-752/4-2007ཡིན་པ་རེད།
         ཧྲང་ཧའེ་གྲོང་ཁྱེར་བྲོས་འདེད་དངུལ་འདེད་གཞུང་ལས་ཁང་གིས་ཀྲང་ལི་ཕིང་གི་གྱོད་གཞིར་ཚད་མཐོའི་མཐོང་ཆེན་བྱས་ཏེ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་ཀྲང་ཆེ་གེ་མོ་ཕེ་རུར་གབ་ནས་བསྡད་པ་གཏན་འཁེལ་བྱས་པ་མ་ཟད། ལས་དོན་ཚོགས་ཆུང་ཕེ་རུར་ལས་དོན་སྤེལ་བར་མངགས་གཏོང་བྱས། མཐར་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཟིལ་སྣོན་དང་གཉེན་ཉེའི་འབོད་སྐུལ་འོག་ཀྲང་ལི་ཕིང་གིས་རང་རྒྱལ་དུ་ལོག་ནས་རང་ཉེས་ངོས་ལེན་ཞུ་རྒྱུའི་གདམ་ག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།