འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ལས་བྱེད་པ་234ཀྲུང་དབྱང་གི་ལས་ཁུངས་སུ་གནས་སྦྱར་སྦྱོང་བརྡར་བྱེད་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གསུམ་གྱིས་མཉམ་དུ་གཉེར་བའི་2016ལོའི་ནུབ་རྒྱུད་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁུལ་གཞན་གྱི་གནས་སྦྱར་སྦྱོང་བརྡར་ལས་བྱེད་པའི་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་པེ་ཅིང་འཚོགས་ཤིང་། ནུབ་རྒྱུད་ས་ཁུལ་དང་། མི་རིགས་ས་ཁུལ། དེ་བཞིན་དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་བཅས་ཀྱི་ཞིང་ལྗོངས་18དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ནས་ཀྲུང་དབྱང་གི་ལས་ཁུངས་སུ་གནས་སྦྱར་སྦྱོང་བརྡར་བྱེད་མཁན་ལས་བྱེད་པ་234གསོ་སྐྱོང་སྦྱོང་བརྡར་ལ་ཞུགས་པ་རེད། 
         དུས་ཡུན་ཉིན་3གྱི་གསོ་སྐྱོང་སྦྱོང་བརྡར་བྱེད་རིང་དུ་གནས་སྦྱར་སྦྱོང་བརྡར་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། མི་རིགས་གནད་དོན་དང་རྒྱལ་ཁབ་བདེ་འཇགས། "ལོ་ལྔ་ཚན་བཅུ་གསུམ་པའི"འཆར་འགོད། ཚན་རྩལ་གསར་གཏོད། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་སོགས་ཀྱི་ནང་དོན་ཆེད་དོན་སློབ་སྦྱོང་བྱེད་རྒྱུ་རེད། གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་གྲོལ་རྗེས་སུ་གནས་སྦྱར་སྦྱོང་བརྡར་ལས་བྱེད་པ་འདི་དག་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་གཞུང་དབང་རྐང་འཛིན་ཁེ་ལས་གཙོ་བོ་87དུ་བསྐྱོད་ནས་ལོ་1རིང་གི་གནས་སྦྱར་སྦྱོང་བརྡར་བྱེད་འགོ་འཛུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།