འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས"ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་སྐྱོར"བྱ་སྤྱོད་སྤེལ་ནས་ཁ་གཏད་
    རོགས་སྐྱོར་གྲོང་ཚོ་10%འདི་ལོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང་གིས་མཉམ་འབྲེལ་ཐོག"ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་སྐྱོར"གྱི་གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྤེལ་འགོ་བཙུགས་ནས་དམངས་གཉེར་ཁེ་ལས་དང་ཚོང་ཚོགས་རྩ་འཛུགས་ཆིག་སྟོང་ལྷག་ཙམ་ཁྲིད་སྟོན་གྱིས་ལེགས་ཆ་འདོན་སྤེལ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་ཆིག་སྟོང་ལྷག་ཙམ་གྱི་དབུལ་པོའི་ཞྭ་མོ་ཕུད་ཆེད་ཆ་སྒྲིག་རོགས་སྐྱོར་བྱས་པ་རེད།
         "ཁེ་ལས་སྟོང་གིས་གྲོང་ཚོ་སྟོང་ལ་རོགས་སྐྱོར"བྱ་སྤྱོད་ཀྱིས་ཤིན་ཅང་དམངས་གཉེར་ཁེ་ལས་དང་ཚོང་ཚོགས་ཀྱིས་ས་གནས་ཁག་གི་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་དང་ཆ་སྒྲིག་གྲོས་མཐུན་བཞག་སྟེ་ཁྱད་ལྡན་ཐོན་ལས་གཏོད་པ་དང་། ལས་ཞུགས་འདྲེན་འགུགས་ཚོང་དོན་ལ་སྐུལ་འདེད་སོགས་མཉམ་གཏོད་བྱ་ཐབས་བརྒྱུད་རིམ་བཞིན་དབུལ་སྒྲོལ་ཕྱུག་གྱུར་ཐུབ་རྒྱུར་ཁྲིད་སྟོན་བྱས་ཡོད། རོགས་སྐྱོར་ཁེ་ལས་ཁག་དང་གྲོང་ཚོ་དབུལ་པོ་ཁག་གི་དངོས་ཡོད་གནས་ཚུལ་མི་འདྲ་བར་གཞིགས་ཏེ། བྱ་སྤྱོད་དེས་2016ལོར་ཁ་གཏད་རོགས་སྐྱོར་གྲོང་ཚོ་དབུལ་པོ་10%དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དང་། 2018ལོར་དབུལ་སྒྲོལ་ཐུབ་ཚད་70%ཟིན་པ་བྱ་རྒྱུ། 2020ལོར་སླེབས་སྐབས་ཚང་མ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་བཅས་རེད།
         ཤིན་ཅང་གིས་ཁེ་ལས་ལ་ཁྲིད་སྟོན་བྱས་ཏེ་ཕྱོགས་སྒྱུར་རིམ་སྤོར་དེ་ས་ཁུལ་དབུལ་པོའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས"ཀུང་སི་དང་། རྟེན་གཞི། ཆེད་ལས་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི"རྣམ་པའི་ཐོག་ནས་ས་ཁུལ་དབུལ་པོའི་དེང་རབས་ཞིང་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། གཞན་ཡང་ཁེ་ལས་མཁས་ཅན་གྱིས་མ་དངུལ་དང་ལག་རྩལ་དེ་ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་དང་ངལ་རྩོལ་ཐོན་ཁུངས་དང་ཟུང་འབྲེལ་བྱེད་དགོས་པ་དང་ཁེ་ལས་ཀྱིས་རོགས་སྐྱོར་བྱ་ཡུལ་ནས་ལས་མི་བསྡུས་ཏེ་ཁ་ཕྱོགས་གཏན་འཁེལ་གྱི་རྩལ་ནུས་གསོ་སྦྱོང་བྱས་ཐོག་དུད་ཚང་དབུལ་པོར་འབབ་འཕར་བརྟན་པོ་ཡོང་རོགས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།