འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི"ཆོས་ལུགས་གཙོ་འཛིན་བར་གྱི་གླེང་མོལ"ཞེས་པའི་ཡན་
    ལག་གླེང་སྟེགས་བདེ་བླག་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་29ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི'ཆོས་ལུགས་གཙོ་འཛིན་བར་གྱི་གླེང་མོལ'ཞེས་པའི་ཡན་
ལག་གླེང་སྟེགས་བདེ་བླག་ངང་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་25ཉིན་གྱི་ཕྱི་དྲོར་མི་རྣམས་ཀྱིས་རེ་སྒུག་ཆེན་པོ་བྱེད་པའི་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི"ཆོས་ལུགས་གཙོ་འཛིན་བར་གྱི་གླེང་མོལ་"ཞེས་པའི་ཡན་ལག་གླེང་སྟེགས་དེ་པོ་ཨའོ་ཨེ་ཤེ་ཡ་གྲོས་ཚོགས་ལྟེ་གནས་སུ་བདེ་བླག་ངང་འཚོགས་པ་དང་། ཐེངས་འདིའི་གླེང་སྟེགས་ནི་པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི་2016ལོའི་ལོ་ཚོགས་ཀྱི་མཇུག་བསྡུའི་ལེ་ཚན་དང་བཀྲག་མདངས་འཚེར་ས་ཡིན་པའི་ཐོག་ནས་རང་རྒྱལ་གྱི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་། ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་ནང་བསྟན་ཧྥ་ཙུང་གྲུབ་མཐའི་ལྷ་བཙུན་པུའུ་ཀེ་ལི། ཞང་ཀང་རྒྱལ་བ་རིན་ཆེན་པདྨ་བསམ་གཏན་དགོན་གྱི་དགོན་བདག་བཤེས་གཉེན་ཅིན་དབྱིན་བཅས་གསུང་བཤད་གཙོ་བོ་གནང་མཁན་སྐུ་མགྲོན་མཛད་དེ་མི་རྣམས་ལ་བློ་རིག་གི་སྒོ་འབྱེད་པ་དང་སེམས་ཀྱི་ཉོན་སྒྲིབ་དག་པའི་བསམ་བློ་ཡི་གསོལ་སྟོན་ཆེན་མོ་ཞིག་བཤམས་པ་རེད།
    ༄༅།།པོ་ཨའོ་ཨེ་ཤེ་ཡ་གླེང་སྟེགས་ཀྱི'ཆོས་ལུགས་གཙོ་འཛིན་བར་གྱི་གླེང་མོལ'ཞེས་པའི་ཡན་
ལག་གླེང་སྟེགས་བདེ་བླག་ངང་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།