མི་དམངས་དྲ་བ།

༄༅།།གྲངས་ཉུང་མི་རིགས་ཀྱི་ཡི་གེའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》དེབ་རྐྱང་པ་དཔེ་སྐྲུན་བྱས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་2016ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》དེ་སོག་རིགས་དང་། བོད་རིགས། ཡུ་གུར་རིགས། ཧ་སག་རིགས། ཁྲའོ་ཞན་རིགས། དབྱིས་རིགས། ཀྲོང་རིགས་སོགས་གྲངས་ཉུང་མི་རིགས་བདུན་གྱི་ཡི་གེའི་དེབ་རྐྱང་པ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཡིག་སྒྱུར་བྱས་པ་དང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་གོང་ཚེས་ཉིན་ནས་བཟུང་རྒྱལ་ཡོངས་སུ་ཡོངས་བསྒྲགས་ཐོག་འགྲེམས་སྤེལ་བྱས་པ་རེད།