འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བ་ཡན་རྫོང་གིས"ཧྲུའུ་ཅི་ཨང་དང་པོ"འདེམས་གཏོང་བྱས་ནས་ཏང་འཛུགས་
    སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་ནས་ཤེས་རྟོགས་བྱུང་བར། གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་ཚུན་བ་ཡན་རྫོང་གིས“ཧྲུའུ་ཅི་ཨང་དང་པོ”དང་དབུལ་སྐྱོར་ལས་དོན་རུ་མི་111འདེམས་གཏོང་བྱས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བར་ས་གནས་དེ་གའི་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།
         “ཧྲུའུ་ཅི་ཨང་དང་པོ”གྲོང་ཚོར་བཅའ་སྡོད་བྱས་རྗེས་དང་ཐོག་ལམ་ལུགས་འཛུགས་སྐྱོང་ནས་འགོ་བཙུགས་ཏེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ལས་སྡོད་ལམ་ལུགས་དང་གྲོང་ཚོ་རིམ་པའི་ལས་དོན་ཚབ་གཉེར་སོགས་འབྲེལ་ཡོད་ལམ་ལུགས་བཙུགས་པ་དང་འཐུས་ཚང་དུ་བཏང་ནས“ཧྲུའུ་ཅི་ཨང་དང་པོ”དང་ལས་དོན་རུ་ཁག་གི་ཁོངས་མི་ཚོགས་འདུར་ཞུགས་པ་དང་། སྣེ་ལེན་ཞིབ་བཤེར། གཞུང་དོན་སྒྲུབ་པར་སྐྱོད་པ་སོགས་ཕུད་ཀྱི་དུས་ཚོད་ནང་གྲོང་ཚོར་ལས་སྡོད་དང་གྲོང་ཚོ་རིམ་པའི་ལས་དོན་ཁག་ཚབ་སྒྲུབ་བྱས་ནས་མང་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུས་ཐོག་འཕྲལ་མར་གཞི་རིམ་གྱི་དཀའ་གནད་སེལ་དགོས་པའི་གཏན་འབེབས་ཁ་གསལ་བཟོས་ཡོད།
         ཧྲུའུ་ཅི་ཨང་དང་པོ་དང་། དབུལ་སྐྱོར་ལས་དོན་རུ་ཁག་གི་ཁོངས་མི། གྲོང་ཚོའི་ལས་བྱེད་པ་དང་ཏང་ཡོན་བཅས་ཀྱིས་སྣེ་ཁྲིད་བྱས་ཏེ་སྒྲིག་སྲོལ་ལམ་ལུགས་ཁག་ལག་བསྟར་བྱས་པ་དང“གཏན་འཁེལ་གྱི་ཏང་གི་ཉིན་མོ”དང“ཏང་ཡོན་གྱིས་གཅིག་གིས་གཅིག་ལ་རོགས་རམ་བྱེད་པ”སོགས་བྱེད་སྒོ་སྤེལ་བར་གྲོང་མི་ཚོའི་ཡིད་ཆེས་དང་རྒྱབ་སྐྱོར་ཐོབ་པ་དང་ཚན་ཁག་གི་ཁོངས་མིའི་ངར་ཤུགས་འཕེལ་ནས་གྲོང་ཚོའི་ལས་དོན་ཁག་དངོས་གཞི་ཅན་ལ་འགྱུར་ཐུབ་པ་བྱུང་ཡོད། མིག་སྔའི་བར་རིགས་ཁུལ་གསུམ་པའི་གྲོང་ཚོར“གཏན་འཁེལ་གྱི་ཏང་གི་ཉིན་མོའི”བྱེད་སྒོ་ཁྱོན་178སྤེལ་བ་དང་། ཏང་ཡོན་གྱི་ཚོགས་ཆེན་དང་གྲོང་མིའི་འཐུས་མི་ཚོགས་ཆེན་སོགས་ཐེངས་400འཚོགས་པ། དམངས་གཙོའི་དཔྱད་མོལ་གྱི་ཏང་ཡོན་ཚོགས་འདུ་ཐེངས་111བཅས་འཚོགས་ཡོད་པ་རེད།
         གནད་སྨིན་དབུལ་སྐྱོར་ཐད་གཞི་གྲངས་ཁ་གསལ་བ་དང་ཞིབ་བསྡུར་གནད་སྨིན་བྱེད་ཐུབ་པ་བྱས་ཤིང་། བ་ཡན་རྫོང་གིས་དབུལ་པོ་མི་འབོར་ཁྲི་1.29དབུལ་སྒྲོལ་དོ་དམ་དང་དབུལ་སྒྲོལ་བྱ་རྩིས་ཡོད་པའི་མི་འབོར་ཁྲི་1.71དང་དབུལ་པོ་མི་འབོར་ཁྲི་2ལ་སླར་ཡང་ཞིབ་བསྡུར་བྱས་ནས་ཡིག་ཚགས་དང་གཱ་བཟོས་ནས་ཆ་འཕྲིན་ནོར་འཛོལ་མེད་པ་བྱས་ཡོད།
         “ཧྲུའུ་ཅི་ཨང་དང་པོས”མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ནས་འགོ་བཙུགས་ཏེ་མང་ཚོགས་ལ་འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་འཕེལ་རྒྱས་སོགས་ཐད་ཁྲིད་སྟོན་དང་རྒྱབ་སྐྱོར་དང་ཞིང་པར་ལག་རྩལ་དང་མ་དངུལ་རྒྱབ་སྐྱོར་བྱས་ཏེ་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ནས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་ལ་སྐུལ་མ་བཏང་བ་རེད། མིག་སྔའི་བར་གྲོང་ཚོ་དབུལ་པོ་72ལ་གྲོང་ཚོ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་བྱས་པ་དང་། དུད་ཚང་དབུལ་པོར་རོགས་རམ་བྱེད་པའི་ཇུས་གཞི་ཁག་20བཟོས་པ། རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་820དོན་འཁྱོལ་བྱས་པ། རོགས་སྐྱོར་དང་འཚམས་འདྲིའི་དངུལ་སྒོར་ཁྲི་160ལྷག་ཙམ་དོན་འཁྱོལ་བཅས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།