འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཞིང་ར་དབུལ་པོ་116དབུལ་སྒྲོལ་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་30ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ས་རྒོད་གསར་སྦོལ་དབུལ་སྐྱོར་གསར་སྤེལ་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཁོངས་གཏོགས་དེ་ཡོངས་ཀྱི་ཞིང་ར་དབུལ་པོ་116དབུལ་སྒྲོལ་ཐུབ་ཡོད། 2015ལོར་རྒྱལ་ཡོངས་ཀྱི་ཞིང་ར་དབུལ་པོ་302ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་138.4ཟིན་པ་དང་ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་1.5ཟིན་ནས་ལོ་ལྔ་བསྟུད་མར་ཁེ་འབབ་བཏོད་ཡོད། རྒྱལ་ཡོངས་ཀྱི་ཞིང་ར་དབུལ་པོས་རིམ་རྩིས་བྱས་ན་ཐོན་འབབ་དམའ་འབྲིང་གི་ཞིང་ཁ་མུའུ་ཁྲི་60ལྷག་ཙམ་སྒྱུར་བཀོད་བྱས་པ་དང་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་30ལྷག་ཙམ་མང་དུ་བཏང་ཡོད། ཞིང་ར་དབུལ་པོའི་སྲན་མ་དང་། སྲིང་བལ། ཤའི་རིགས། འོ་མ་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་ཚད་རྒྱུན་མཐུད་ངང་འཕར་བ་དང་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད་པ་རེད།
         མིག་སྔར་རྒྱལ་ཡོངས་སུ་ད་དུང་ཞིང་ར་དབུལ་པོ་(ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཚུད་མེད་པ)304ཡོད་པ་དེས་ཞིང་རའི་བསྡོམས་འབོར་གྱི་17%བཟུང་བ་དང་། ཞིང་ར་དབུལ་པོའི་སྤྱིའི་མི་འབོར་ཁྲི་230ཟིན་པ་དང་ལས་མི་ཁྲི་48ཟིན་ཞིང་། ཞིང་ལས་པུའུ་ས་རྒོད་གསར་སྦོལ་ཅུས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཞིང་ར་དབུལ་པོའི་དབུལ་སྒྲོལ་དམིགས་ཚད་རགས་ཙམ་བཏོན་པ་སྟེ། ཞིང་ར་དབུལ་པོའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་གཞི་རྩའི་ཐོག་འཛུགས་རྒྱུ་དང་། གཉེར་སྐྱོང་དོ་དམ་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ། མི་རེའི་ཆ་སྙོམས་ཡོང་འབབ་ལོ་རེར་ཆ་སྙོམས་8%ཡན་འཕར་ཐུབ་པ་བྱ་རྒྱུ། ཞིང་ར་དབུལ་པོའི་མི་རེའི་ཆ་སྙོམས་ཡོང་འབབ་ཐད་ཤར་རྒྱུད་གསར་སྦོལ་ཁུལ་དུ་སྒོར་12000ལས་མི་ཉུང་བ་དང་། དབུས་རྒྱུད་གསར་སྦོལ་ཁུལ་དུ་སྒོར་8000ལས་མི་ཉུང་བ། ནུབ་རྒྱུད་གསར་སྦོལ་ཁུལ་དུ་སྒོར་6000ལས་མི་ཉུང་བ་བཅས་ཡིན་པ་དང་འབྲེལ་གསར་སྦོལ་ཁུལ་ཁག་གིས་ཐོན་ལས་འདེགས་སྐྱོར་ཐད་ཤུགས་བརྒྱབ་སྟེ་ཁེ་སྤོགས་སྦྲེལ་མཐུད་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་བཏང་ནས་ས་ཞིང་མ་རྐང་ལ་འཇོག་པ་དང་། ཐོན་ཁུངས་དངུལ་སྨར་དུ་གྱུར་བ། ཡོང་འབབ་བགོ་བཤའ་རྒྱག་པ་སོགས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་མཉམ་ལས་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་དགོས་པ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།