འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་སྡེ་རོང་གི་བོད་རིགས་མང་ཚོགས་སྡོད་ཁང་གསར་པར་སྤོས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སི་ཁྲོན་སྡེ་རོང་གི་བོད་རིགས་མང་ཚོགས་སྡོད་ཁང་གསར་པར་སྤོས་པ།
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་3ཚེས་13ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྡེ་རོང་རྫོང་པའེ་སུང་ཤང་ཐུང་ཀུའེ་གྲོང་ཚོའི་དུད་ཚང་14ཡི་བོད་རིགས་མང་ཚོགས་ལ་སྡོད་ཁང་གསར་པའི་ལྡེ་མིག་རག་པས་གཅིག་མཇུག་གཉིས་མཐུད་ངང་ཁང་པ་གསར་པར་སྤོ་འགོ་ཚུགས།
         ཐུང་ཀུའེ་གྲོང་ཚོ་རྙིང་པ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྡེ་རོང་རྫོང་པའེ་སུང་ཤང་གི་ཐག་རིང་ལུང་ཁུག་གི་གྲོང་ཚོ་ཞིག་ཡིན་པས་གཞུང་ལམ་དང་། ཆུ། གློག་བཅས་ཤར་གཏོང་ཐུབ་མེད་པས་དཔེ་མཚོན་གྱི“ཤར་གཏོང་མི་ཐུབ་པ་གསུམ”གྱི་གྲོང་ཚོ་ཞིག་ཡིན། 2013ལོའི་ཟླ་10པར་ཐུང་ཀུའེ་གྲོང་ཚོའི་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་རྣམ་གྲངས་དངོས་སུ་བསྐྲུན་འགོ་ཚུགས་པ་རེད། ཉེ་བའི་ལོ་གསུམ་རིང་། པའེ་སུང་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་ནས་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་ཐུང་ཀུའེ་གྲོང་ཚོའི་མང་ཚོགས་ཧུར་ཐག་ཞུགས་པས་མང་ཚོགས་དུད་ཚང་14ཡི་སྡོད་ཁང་འཛུགས་སྐྲུན་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད། ས་གནས་སྲིད་གཞུང་གི་གཅིག་གྱུར་འཆར་འགོད་ཇུས་འགོད་དང་། གྲོང་མི་སོ་སོས་བསྐྲུན་པ། སྲིད་གཞུང་གི་ཁ་གསབ་སོགས་ཀྱི་བྱ་ཐབས་བརྒྱུད་དུད་ཚང་14ལ་གཅིག་གྱུར་གྱི་བོད་བཟོའི་ཁྱད་ཆོས་ལྡན་པའི“སྤྲོ་ཁང”བསྐྲུན་པ་དང་། འགྲོ་ལམ་དང་། ཉི་ནུས་ལམ་སྒྲོན། ཆུ་མཁོ་འདོན་དང་བཙོག་ཆུ་ཕྱིར་འབུད། ངལ་གསོ་བརྒྱབ་སའི་ཐང་ཆེན། སྒོ་རའི་ལྕགས་རི། ཉི་ནུས་ཀྱི་ཆུ་ཚ་པོ་བཟོ་ཆས། ལུས་སྦྱོང་ཐང་ཆེན། ཐབ་ཆས་སོགས་སྒྲིག་བཀོད་ཆ་ཚང་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།