འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དར་གོས་ལམ་བུའི་འཆར་འགོད་ཞིབ་འཇུག་ལྟེ་གནས་པེ་ཅིང་དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དར་གོས་ལམ་བུའི་འཆར་འགོད་ཞིབ་འཇུག་ལྟེ་གནས་འཛུགས་པའི་ཚོགས་ཆེན་དེ་ཚེས་17ཉིན་པེ་ཅིང་དུ་འཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་ཡོན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དར་གོས་ལམ་བུའི་འཆར་འགོད་ཞིབ་འཇུག་ལྟེ་གནས་ནི་དམངས་སྲིད་པུས་འཛུགས་རྒྱུའི་ཆོག་མཆན་སྤྲད་པའི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཆེད་ལས་ཅན་གྱི་ཇུས་འདོན་ཚོགས་པ་རྩེ་གྲ་ཞིག་རེད།
         ཁྲེན་ཡོན་གྱིས་དར་གོས་ལམ་བུའི་འཆར་འགོད་ཞིབ་འཇུག་ལྟེ་གནས་ནི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་ལ་ཞབས་འདེགས་ཞུ་ཆེད་བཙུགས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཇུས་འདོན་ཚོགས་པ་གསར་པ་ཞིག་ཡིན་པ་དེས་རྒྱལ་ཁབ་དང་། ས་ཁོངས། ལས་རིགས་འཆར་འགོད་ཞིབ་འཇུག་བཅས་ལས་དོན་ལ་གཞོལ་བ་དང་འཐབ་ཇུས་ཞིབ་འཇུག་དང་། སྲིད་ཇུས་ཇུས་འདོན། ཤེས་ལྡན་མི་སྣ་གསོ་སྐྱོང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། སྤྱི་པའི་ཕྱི་འབྲེལ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འབྲེལ་ཡོད་ཕྱོགས་ལ་རིག་ནུས་ཞབས་ཞུ་བྱས་ཐོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བསྟན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།