འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།>>མཚོ་སྔོན།

    ༄༅།།སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་དེ་ཚོང་ལས་འགན་བཅོལ་སྒྲིག་གཞིས་སྨན་བཅོས་འགན་
    བཅོལ་གཉེར་སྒྲུབ་དང་རིམ་དབྱེའི་སྨན་བཅོས་ཆུ་ཚད་མཐོར་གཏོང་ལ་སྐུལ་མ་གཏོང་
    རྒྱུ་དེ་ཡིན་ཞེས་འཐུས་མི་སྙིང་མོ་བྱམས་ཀྱིས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྨན་བཅོས་སྒྱུར་བཅོས་ཀྱི་གཙོ་གནད་དེ་ཚོང་ལས་འགན་བཅོལ་སྒྲིག་གཞིས་སྨན་བཅོས་འགན་
བཅོལ་གཉེར་སྒྲུབ་དང་རིམ་དབྱེའི་སྨན་བཅོས་ཆུ་ཚད་མཐོར་གཏོང་ལ་སྐུལ་མ་གཏོང་
རྒྱུ་དེ་ཡིན་ཞེས་འཐུས་མི་སྙིང་མོ་བྱམས་ཀྱིས་གསུངས་པ།
         མི་དམངས་དྲ་བའི་འཕྲིན། “ཚོང་ལས་འགན་བཅོལ་སྒྲིག་གཞིས་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་དང་རིམ་དབྱེའི་སྨན་བཅོས་ཆུ་ཚད་མཐོར་གཏོང་ལ་སྐུལ་མ་གཏོང་རྒྱུ་ནི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྔར་བས་ཟབ་གཏོང་གི་འགག་རྩའི་ལྷུ་ཚིགས་གཉིས་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་བུད་མེད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་སྙིང་མོ་བྱམས་ཀྱིས་གསུངས་པ་རེད།
         མཚོ་སྔོན་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཞིང་ཆེན་ཐོག་མ་བཞིའི་གྲས་ཤིག་རེད། “མི་སེར་ཚོས་སྨན་བཅོས་འགན་བཅོལ་ཡོད་ཚེ་ནད་ལྟ་མི་ཐུབ་པའི་སེམས་ཁྲལ་གཏན་ནས་བྱེད་དགོས་མེད་ཅེས་བཤད། སྔོན་ཆད‘ནད་ཙག་ཙིག་མི་ལྟ་བ་དང་ནད་ཆེ་གྲས་སྡུག་རུས་བྱེད་པའི’སྣང་ཚུལ་གཞི་རྩའི་ཆར་མེད་པར་གྱུར་ཡོད། སྨན་བཅོས་འགན་བཅོལ་གྱི་ཆུ་ཚད་མཐོ་རུ་སོང་བ་དང་བསྟུན་མང་ཚོགས་ཚོས་སྔར་བས་སྟབས་བདེ་དང་སྔར་བས་ནུས་པ་ལྡན་པའི་ཞབས་ཞུ་ཐོབ་འདོད་བྱེད་ཀྱི་ཡོད”དེའི་ཐད་མཚོ་སྔོན་ཞིང་ཆེན་གྱིས་བློ་ཁོག་ཆེན་པོས་ལག་ལེན་ནང་ཞུགས་ནས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་ཐབས་སྒྱུར་བཅོས་ལ་སྐུལ་མ་ཧུར་ཐག་བཏང་སྟེ་ནད་རིགས་ལྟར་སྨན་རིན་སྤྲོད་རྒྱུ་གཙོ་བོར་བྱེད་པ་དང་ཉལ་ཁྲི་བཟུང་བའི་ཉིན་གྲངས་དང་ཞབས་ཞུའི་རྣམ་གྲངས་གཞིར་བཟུང་བ་སོགས་ཕན་ཚུན་ཟུང་དུ་སྦྲེལ་བའི་མཉམ་འདྲེས་རྣམ་པའི་གཏོང་སྤྲོད་བྱེད་ཐབས་བཟོས་ཏེ་ནད་རིགས་རྐྱང་པ་125ཡི་ཚད་བཀག་སྨན་རིན་སྤྲོད་པའི་ཚད་གཞི་གཏན་འཁེལ་དང་། “སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་སྨན་རིན་རྩིས་རྒྱག་པའི”སྨན་བཅོས་ཞབས་ཞུའི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་ཚོང་ལས་འགན་བཅོལ་སྒྲིག་གཞིས་སྨན་བཅོས་འགན་བཅོལ་ཞབས་ཞུའི་ཚོད་ལྟ་བྱས་པས་ཞབས་ཞུའི་མ་གནས་དམའ་རུ་ཕྱིན་པ་དང་མང་ཚོགས་ནད་ལྟ་བར་སྟབས་བདེ་བྱུང་ཡོད་པ་རེད།
         “ང་ཚོས་རྩིས་ཤིག་བརྒྱབ་པ་ཡིན། ཚོང་ལས་འགན་བཅོལ་སྒྲིག་གཞིར་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་བྱེད་དུ་བཅུག་སྐབས་སྨན་རིན་ཞིབ་བཤེར་གྱི་དུས་འཁོར་དེ་ཚོད་ལྟའི་གོང་གི་ཉིན་བདུན་ཙམ་ནས་ཆ་སྙོམས་ཉིན་གཉིས་ནས་གསུམ་བར་ཐུང་དུ་ཕྱིན་པ་མ་ཟད། སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཁར་ང་ཚོའི་ཚོད་ལྟའི་རྫོང་གཉིས་སུ་སྨན་བཅོས་འགན་བཅོལ་གྱི་མ་དངུལ་སྒོར་ཁྲི་50ཙམ་གྲོན་ཆུང་ཐུབ་ཡོད”ཅེས་སྙིང་མོ་བྱམས་ཀྱིས་གསུངས་པ་རེད།
         སྙིང་མོ་བྱམས་ཀྱིས་གསར་འགོད་པར་རིམ་དབྱེའི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ནི་སྨན་རྫས་འཕྲོད་བསྟེན་ལམ་ལུགས་སྒྱུར་བཅོས་ཀྱི་གཙོ་གནད་ཡིན་པ་དང་མང་ཚོགས་ཐག་རིང་པོར་འགྲོ་མི་དགོས་པར་ནད་ལྟ་ཐུབ་ཀྱི་ཡོད། འོན་ཀྱང་མིག་སྔར་ད་དུང་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་གོང་མཐོར་གཏོང་དགོས་ཀྱི་འདུག སྨན་བཅོས་འགན་བཅོལ་ལ་སྐུལ་མ་བཏང་བ་བརྒྱུད་ནད་ལྟ་མཁན་མི་གྲངས་ཟམ་མི་ཆད་པར་མང་དུ་ཕྱིན་ནས་སྨན་བཅོས་ཐོན་ཁུངས་ཀྱི་སྤྱི་འབོར་མཁོ་སྤྲོད་བྱེད་ཚད་མི་འདང་བ་དང་ལྷག་པར་དུ་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་ཞན་པ་དང་མང་ཚོགས་ནད་ལྟ་སྐབས་ཐག་རིང་པོར་འགྲོ་དགོས་པའི་གནད་དོན་སླར་ཡང་ཐོན་པ་མ་ཟད། སྨན་ཁང་ཆེ་གྲས་སུ་ནད་པ་མང་བ་དང་སྨན་ཁང་ཆུང་གྲས་དང་འཕྲོད་བསྟེན་ཁང་དུ་ནད་པ་ཉུང་བའི་གནད་དོན་ལྷག་ཡོད་ཅེས་གསུངས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།