འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་ཕྱོགས་གཉིས་སྦྲག་སྲིད་མྱུར་སྐྱེལ་ཟོག་འགྲེམས་
    མ་ལག་བསྐྲུན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་21ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་རང་སྐྱོང་ལྗོངས་ཀྱིས་ས་ཁུལ་(གྲོང་ཁྱེར)7དུ་མྱུར་སྐྱེལ་ཟོག་འགྲེམས་ལྟེ་གནས་བསྐྲུན་ཏེ། ཞིང་འབྲོག་ཁུལ་གྱི་ཕྱོགས་གཉིས་སྦྲག་སྲིད་མྱུར་སྐྱེལ་ཟོག་འགྲེམས་མ་ལག་བསྐྲུན་རྒྱུ་ཡིན་པ་དང་། དུས་མཚུངས་དངུལ་རྩ་དང་འགན་བཅོལ་སོགས་སྤྱི་པའི་ཞབས་ཞུ་དང“དྲ་སྦྲེལ+”གྱི་ལས་སྒོ་གཏོད་ནས་ཞིང་འབྲོག་ཁུལ་གྱི་སྦྲག་སྲིད་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། ཞིང་འབྲོག་ཁུལ་གྱི་ཕྱོགས་གཉིས་སྦྲག་སྲིད་མྱུར་སྐྱེལ་ཟོག་འགྲེམས་མ་ལག་དང་ཞིང་འབྲོག་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུར་བརྟེན་ནས་བོད་ལྗོངས་ཀྱིས་མྱུར་སྐྱེལ་ཁེ་ལས་ཀྱིས་སྒོ་རྩིས་ཚོང་ཁང་དང་། སྟབས་བདེའི་ཚོང་ཁང་། མུ་འབྲེལ་ཚོང་ཁང་ངམ་ཡང་ན་ཆེད་ལས་ཀྱི་ཕྱོགས་གསུམ་པ་སོགས་སྤྱད་དེ་བསྐུར་མ་བསྐུར་ས་བཟོ་རྒྱུར་རྒྱབ་སྐྱོར་བྱས་ནས་ས་ཁུལ་(གྲོང་ཁྱེར)དང་། རྫོང(ཆུས) ཤང་(གྲོང་རྡལ)བཅས་རིམ་གསུམ་འགྲིམ་འགྲུལ་འགྲུལ་སྐྱེལ་ས་ཚིགས་སུ་མྱུར་སྐྱེལ་ཁོངས་གཏོགས་ཀྱི་སྒྲིག་བཀོད་འཛུགས་རྒྱུ་དང་། ད་ཡོད་ཀྱི་གྲོང་གསེབ་ཞབས་ཞུའི་ལྟེ་གནས་དང་། ཞིང་སྤྱོད་དངོས་རྫས་ཚོང་ཁང་། དེ་བཞིན“གྲོང་ཁྲི་ཤང་སྟོང”སོགས་སྟེགས་བུར་མྱུར་སྐྱེལ་ཞབས་ཞུ་གཏོད་རྒྱུ། མྱུར་སྐྱེལ་ཁེ་ལས་ལ་རིག་ནུས་ལྡན་པའི་བསྐུར་མའི་སྒམ་སོགས་རང་འདེམས་སྒྲིག་བཀོད་ཁྱབ་སྤེལ་དང་སྤྱོད་རྒྱུར་སྐུལ་ལྕག་བྱས་ཏེ། བསྐུར་མ་བསྐུར་བའི“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ། ས་ཁུལ་(གྲོང་ཁྱེར)དང་། རྫོང(ཆུས) ཤང་(གྲོང་རྡལ)བཅས་རིམ་གསུམ་སྦྲག་སྲིད་མྱུར་སྐྱེལ་ཟོག་འགྲེམས་ས་ཚིགས་འཐུས་ཚང་དུ་གཏོང་རྒྱུ་བཅས་རེད།
         མ་ལག་དེས་སྦྲག་སྲིད་དྲ་རྒྱ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྲོལ་རྒྱུན་གྱི་བསམ་བློའི་བཀག་རྒྱ་ལས་སྒྲོལ་ནས་སྦྲག་སྲིད་ལས་སྒོའི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་གཉིས་ཟོག་འགྲེམས་མ་ལག་བསྐྲུན་རྒྱུའི་ཐོག་བཟོ་ལས་ཐོན་རྫས་གཤམ་འོག་ཏུ་འདྲེན་རྒྱུ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དང་ཕྱིར་འདྲེན་ལ་སྐུལ་མ་ཐེབས་ནས། བོད་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་རྟེན་གཞི་འཛུགས་སྐྲུན་དང་། དེ་བཞིན་ཞིང་ལས་ཐོན་ལས་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་འགྲོ་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་བཅས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།
         བོད་དུ་ས་རྒྱ་ཆེ་བ་དང་། མི་འབོར་ཉུང་བ། ལྷག་པར་དུ་ཞིང་འབྲོག་ཁུལ་དུ་ཁྱད་ཆོས་དེ་ཧ་ཅང་མངོན་གསལ་དོད་པོ་ཡོད། སྦྲག་སྲིད་ཀྱི་ལས་སྒོ་གཉེར་སའི་ཐོན་ཁུངས་སྤྱད་དེ་དངུལ་རྩ་དང་འགན་བཅོལ་སོགས་སྤྱི་པའི་ཞབས་ཞུ་དང“དྲ་སྦྲེལ+”གྱི་ལས་སྒོ་གཏོད་ནས་ཞིང་འབྲོག་ཁུལ་གྱི་སྦྲག་སྲིད་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་བསྐྲུན་རྒྱུ་དེས་མ་དངུལ་ཉུང་བའི་སྒོ་ནས་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་ནས་བོད་ཀྱི་སྤྱི་པའི་ཞབས་ཞུའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད། དེ་དང་དུས་མཚུངས་སྟེགས་བུ་དེས་ད་དུང་སྦྲག་སྲིད་ཁེ་ལས་ཀྱི་ཁེ་འབབ་བར་མཐོངས་རྒྱ་ཆེར་བཏང་ནས་སྦྲག་སྲིད་ཞབས་ཞུར་ཡུན་རིང་གྱོང་གུན་ཕོག་པ་དང་སྦྲག་སྲིད་ལས་སྒོ་གཉེར་ས་ཡིས་ལས་སྒོ་གཉེར་དཀའ་བའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།