འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་གནའ་བོའི་ཚྭ་ཞིང་རིག་དངོས་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ལས་
    གཞི་གོང་དུ་འཕེལ་ཚུལ་བདེ་བླག་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་18ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་གནའ་བོའི་ཚྭ་ཞིང་རིག་དངོས་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ལས་
གཞི་གོང་དུ་འཕེལ་ཚུལ་བདེ་བླག་ཡིན་པ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་གནའ་བོའི་ཚྭ་ཞིང་རིག་དངོས་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་བཅོས་སྐྱོང་ལས་གཞི་དངོས་སུ་ལས་འགོ་ཚུགས་པ་དང་། མིག་སྔར་ལས་གཞི་གོང་དུ་འཕེལ་ཚུལ་བདེ་བླག་ཡིན་ཞིང་། གནའ་བོའི་ཚྭ་ཞིང་གི་ཁོར་ཡུག་བཅོས་སྐྱོང་ལས་གཞིའི་ནང་དུ་གཞི་ཁྱོན་ཆེ་བའི་ས་གཤིས་གནོད་འཚེ་བཅོས་སེལ་ཐབས་བྱེད་རྒྱུ་དང་ཚྭ་ཞིང་གི་བ་ཚྭའི་ཆུ་རྫིང་ཉམས་གསོ་བྱེད་རྒྱུ་སོགས་ཀྱི་ལས་རིམ་ཚུད་ཡོད་པ་རེད། ཆེད་ལས་ཉམས་གསོ་རུ་ཁག་གིས་བྱ་རིམ་ཧྲིལ་བོའི་ནང་དུ་ཏན་ཏིག་གིས“རིག་དངོས་ཀྱི་དེ་སྔོན་གྱི་རྣམ་པ་འགྱུར་བ་མི་གཏོང་བའི”རྩ་དོན་གཞིར་བཟུང་ནས་ཧུར་བརྩོན་ཆེན་པོས་གནའ་བོའི་ཚྭ་ཞིང་གི་དེ་སྔའི་རྣམ་པར་སླར་གསོ་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།