འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཧན་གོས་རི་པིན་གྱི“ཀྲུའུ་ཏའོ་ཉིན་མོའི”བྱེད་སྒོར་རྒོལ་གཏམ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་22ཉིན་ཧན་གོ་སྲིད་གཞུང་གིས་གསལ་བསྒྲགས་སྤེལ་ནས་རི་པིན་སྲིད་གཞུང་གིས་མཐོ་རིམ་དཔོན་རིགས་གོང་ཚེས་ཉིན་རི་པིན་ཏའོ་ཀན་རྫོང་དུ་སྤེལ་བའི“ཀྲུའུ་ཏའོ་ཉིན་མོའི”(ཧན་གོའི་ཏུའུ་ཏའོ་གླིང་ཕྲན་)བྱེད་སྒོའི་ནང་ཞུགས་པར་རྒོལ་གཏམ་བཏང་བ་རེད།
         གསལ་བསྒྲགས་ནང་རི་པིན་སྲིད་གཞུང་མཐོ་རིམ་དཔོན་རིགས་ས་གནས་སྲིད་གཞུང་གིས་གོང་ཚེས་ཉིན་སྤེལ་བའི“ཀྲུའུ་ཏའོ་ཉིན་མོའི”བྱེད་སྒོའི་ནང་ཞུགས་པར་ཧན་གོ་སྲིད་གཞུང་གིས་རྒོལ་གཏམ་དྲག་པོ་བཏང་བ་དང་འབྲེལ་ཧན་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ལ་དེ་རིགས་ཀྱི་དོན་རྐྱེན་སླར་ཡང་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་རེ་བའང་འདོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         གསལ་བསྒྲགས་ནང་ད་དུང་ཏུའུ་ཏའོ་དེ་ཉིད་ལོ་རྒྱུས་དང་། ས་ཁམས། རྒྱལ་སྤྱིའི་བཅའ་ཁྲིམས་བཅས་ཐད་ནས་བརྗོད་ན་ཧན་གོའི་གཏན་འཇགས་མངའ་ཁོངས་ཤིག་ཡིན། ཧན་གོ་སྲིད་གཞུང་གིས་རི་པིན་ལ་འཕྲལ་དུ་འཁྲུག་རྐྱེན་སློང་བའི་བྱེད་སྤྱོད་མཐའ་དག་མཚམས་འཇོག་བྱས་ནས་རི་པིན་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལོ་རྒྱུས་ཁེངས་སྐྱུང་ངང་དང་ལེན་བྱེད་དགོས་པའི་རེ་བ་འདོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
         ཧན་གོ་དང་ཁྲའོ་ཞན་ཕྱེད་གླིང་ཤར་རྒྱུད་ཀྱི་མཚོ་ཁོངས་སུ་གནས་པའི་ཏུའུ་ཏའོ་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་0.18ལྷག་ཙམ་ཡོད། ཧན་གོ་དང་། ཁྲའོ་ཞན། རི་པིན་བཅས་ཀྱིས་གླིང་ཕྲན་དེར་བདག་དབང་ལྡན་ཡོད་ཅེས་བཤད་ཀྱི་ཡོད། མིག་སྔར་ཧན་གོས་གླིང་ཕྲན་དེར་དངོས་སུ་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད།
         རི་པིན་ཏའོ་ཀན་རྫོང་གིས་1905ལོར་གླིང་ཕྲན་དེ་རི་པིན་གྱིས་བདག་སྐྱོང་བྱེད་པའི་ཁྱབ་ཁོངས་སུ་དངོས་སུ་བཅུག་པ་རེད། 2005ལོའི་ཟླ་བ་གསུམ་པར་ཏའོ་ཀན་རྫོང་དབྱི་ཧུའེ་གྲོས་ཚོགས་ཐོག་ལོ་ལྟར་གྱི་ཟླ་2ཚེས་22ཉིན་དེ“ཀྲུའུ་ཏའོ་ཉིན་མོར”གཏན་འཁེལ་བྱ་རྒྱུའི་ལམ་སྲོལ་ལ་གྲོས་འཆམ་བྱུང་བ་དང་འབྲེལ་ཕྱི་ལོ་ནས་བཟུང་ལོ་ལྟར་གྱི་དུས་ཚོད་དེར་དྲན་གསོའི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།