འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་ཁུལ་གྱི་བྱིས་པའི་གླུ་གཞས་མཉམ་ལེན་ཚོཌ་པ་ཨོ་སི་ཁྲུ་ལི་ཡར་རིག་གནས་
    སྤེལ་རེས་བྱེད་པར་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་སི་ཁྲོན་བོད་ཁུལ་གྱི་ལོ་ཆུང་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་དང་པོ་སྟེ། འབའ་ཐང“དྲི་ཟའི་སྙན་དབྱངས”བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་ཨོ་སི་ཁྲུ་ལི་ཡར་རིག་གནས་སྤེལ་རེས་བྱེད་པར་བསྐྱོད་པ་དེ་ནི་གླུ་གཞས་མཉམ་ལེན་ཚོགས་པ་དེ་ཕྱི་རྒྱལ་དུ་བསྐྱོད་ཐེངས་དང་པོ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འབའ་ཐང“དྲི་ཟའི་སྙན་དབྱངས”བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པ་ནི་བོད་སྐད་ཀྱི་དམངས་ཁྲོད་གླུ་གཞས་བཏང་ནས་མི་རིགས་རིག་གནས་རྒྱུན་འཛིན་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པ་ཞིག་ཡིན་པ་དང་དེ་སྔ་ཀྲུང་གོའི“ཕུལ་བྱུང་ལོ་ཆུང་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པའི”མཚན་སྙན་ཐོབ་མྱོང་ཡོད། གླུ་གཞས་མཉམ་ལེན་ཚོགས་པའི་ཚོགས་མི་ཆ་ཚང་ཞིང་འབྲོག་ཁུལ་ནས་ཡིན་པ་དང་ཆ་སྙོམས་ལོ་10ལས་སླེབས་ཀྱི་མེད། གླུ་གཞས་མཉམ་ལེན་ཚོགས་པས་སི་ཁྲོན་དང་། བོད་ལྗོངས། པེ་ཅིང་། ཐའེ་དབན་སོགས་ལ་སྔ་རྗེས་སུ་འཁྲབ་སྟོན་བྱེད་མྱོང་ཡོད།
         ད་ཐེངས་སི་ཁྲོན་བོད་རིགས་ས་ཁུལ་གྱི“དྲི་ཟའི་སྙན་དབྱངས”བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པས་ཨོ་སི་ཁྲུ་ལི་ཡར་རིག་གནས་སྤེལ་རེས་བྱེད་ཡུན་གཟའ་འཁོར་གཅིག་ཡིན་ཞིང་། དེའི་རིང་ཕྲུ་གུ་ཚོས་ཤིས་ཉི་དང་ཁན་པེ་རའི་གྲོགས་པོ་ཆུང་ཆུང་ཚོར་འབའ་ཐང་གི་པི་ཝང་དཀྲོལ་གཏོང་དང་ལྷ་མོ་སོགས་འཁྲབ་སྟོན་བྱ་རྒྱུ་རེད། འབའ་ཐང་མི་དམངས་སློབ་ཆུང་གི་སློབ་སྤྱི་སྒྲོལ་མ་གཡང་འཛོམས་ཀྱིས“རིག་གནས་སྤེལ་རེས་དབང་གིས་ཕྲུ་གུ་ཚོའི་ལྟ་རྒྱ་མཐོང་རྒྱ་ཆེ་རུ་འགྲོ་རྒྱུ་མ་ཟད། ཕྲུ་གུ་ཚོར་ཕན་པ་ཆེན་པོ་ཐོབ་རྒྱུ་རེད”ཅེས་བརྗོད་ཅིང་། ཁོང་གིས་ཕྲུ་གུ་ཚོས་ནང་དོན་གཏིང་ཟབ་པའི་བོད་ཀྱི་རིག་གནས་དེ་ལྷད་མེད་བྱིས་པའི་སྐད་གདངས་ལ་བརྟེན་ནས་མཚོན་པར་བྱེད་དེ་ཨོ་སི་ཁྲུ་ལི་ཡར་འཁྲབ་སྟོན་བྱ་རྒྱུ་རེད་ཅེས་བཤད་པ་རེད།
         ཨོ་སི་ཁྲུ་ལི་ཡར་སྡོད་རིང་གླུ་གཞས་མཉམ་ལེན་ཚོགས་པས་ད་དུང་སྐད་གྲགས་ཆོད་པའི་ཟློས་གར་ཁང་དང་། གོང་མ་ཚང་གི་རྩི་ཤིང་ལྡུམ་ར། ཤིན་ཀྲོའུ་མཛེས་རྩལ་ཁང་སོགས་སུ་ལྟ་སྐོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།