འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཨ་རིའི་གྲུ་འབབ་གནམ་གྲུས་ཉེ་བཅར་མྱུལ་ཞིབ་ཡང་ཡང་བྱེད་པ་དེ་ནི་ལྷོ་མཚོ
    “དམག་དོན་ཅན”དུ་འགྱུར་བའི་རྒྱུ་རྐྱེན་ཆེ་ཤོས་དེ་ཡིན་ཞེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱི་མི་ལ་ལས་ཀྲུང་གོས་ལྷོ་མཚོར“དམག་དོན་ཅན”སྐུལ་འདེད་གཏོང་ཚུལ་སྐྱོན་འཛུགས་བྱས་པའི་སྐོར་བརྗོད་སྐབས་ཨ་རིའི་གྲུ་འབབ་གནམ་གྲུས་ཡང་ཡང་ཉེ་བཅར་མྱུལ་ཞིབ་བྱེད་པ་དེ་ནི་ལྷོ་མཚོ“དམག་དོན་ཅན”དུ་འགྱུར་བའི་རྒྱུ་རྐྱེན་ཆེ་ཤོས་དེ་ཡིན་ཞེས་གསུངས་པ་རེད།
         དེ་ཉིན་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པས་ཉེ་ཆར་ཨ་རི་ཕྱོགས་ཀྱི་མི་ལ་ལས་ཀྲུང་གོས་ཡུང་ཤིང་གླིང་ཕྲན་དུ་འཕུར་མདེལ་བཀོད་སྒྲིག་བྱེད་པ་དེ་ནི་ལྷོ་མཚོ“དམག་དོན་ཅན”དུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་ཞིག་དང་ལྷག་དོན་དུ་མིག་སྔའི་དུས་སྐབས་དང་དུས་བབ་འོག་ལྷོ་མཚོའི་དུས་བབ་སྔར་བས་ཛ་དྲག་ཏུ་བཏང་བ་ཞིག་ཡིན་ཞེས་རྒྱུན་ཆད་མེད་པར་སྐྱོན་འཛུགས་བྱེད་མོད། འོན་ཀྱང་ཉིན་ཤས་གོང་ཨ་རིའི་རྒྱལ་དོན་ཁང་གི་གསར་འགོད་པའི་ཚོགས་འདུའི་ཐོག་ཨ་རིའི་སྨྱན་སྦྱོར་གྱིས་ཨ་རིའི་གྲུ་འབབ་གནམ་གྲུས་ལྷོ་མཚོར་སྤེལ་བའི“རང་མོས་འཕུར་སྐྱོད”ཟེར་བའི་བྱ་སྤྱོད་དེར་དོགས་འདྲི་བཏོན་པར་ང་ཚོར་དོ་སྣང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་དོན་དེར་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
         “དུས་སྐབས་ཤིང་རིང་ཨ་རི་ཕྱོགས་ཀྱིས‘དམག་དོན་ཅན’ལ་ཁ་གཡར་གྱི་ཡོད། འོན་ཀྱང་དོན་དངོས་ཐོག་ཨ་རི་ཕྱོགས་ཀྱིས་རྐང་བཙུགས་ནས་གོ་དོན་བསྲེས་དཀྲུག་བྱས་པ་ཞིག་ཡིན། ཀྲུང་གོས་རང་ཉིད་ཀྱི་མངའ་ཁོངས་ས་ཆའི་ཐོག་དགོས་ངེས་ཀྱི་རྒྱལ་སྲུང་སྒྲིག་ཆས་བཀོད་སྒྲིག་བྱས་པ་ནི་ཨ་རིས་ཞ་ཝུའེ་དབྱི་རུ་སྲུང་དམག་བཀོད་སྒྲིག་བྱས་པ་དང་ངོ་བོའི་ཐོག་མི་འདྲ་བ་གང་ཡང་མེད”ཅེས་ཧྭ་ཁྲུན་ཡིང་གིས་གསུངས་པ་རེད།
         ཧྭ་ཁྲུན་ཡིང་གིས་ཨ་རིའི་གྲུ་འབབ་གནམ་གྲུས་ལོ་མང་རིང་ས་ཁུལ་དེ་གའི་རྒྱལ་ཁབ་ལ་མྱུལ་ཞིབ་ཡང་ཡང་བྱས་པ་མ་ཚད། མྱུལ་ཞིབ་བྱེད་ཐེངས་ལོ་རེ་བཞིན་མང་དུ་གཏོང་བ་དེས་ལྷོ་མཚོའི་དུས་བབ་ཛ་དྲག་ཏུ་གཏོང་བ་དེ་ནི་ལྷོ་མཚོར“དམག་དོན་ཅན”གྱི་བྱ་བ་སྤེལ་བའི་རྒྱུ་རྐྱེན་ཆེ་ཤོས་དེ་ཡིན་ཞེས་གསུངས་པ་རེད།
         “ང་ཚོས་ཨ་རི་ཕྱོགས་ཀྱིས་གནད་དོན་དེའི་ཐད་ཡིན་མིན་བསྲེས་དཀྲུག་མི་བྱེད་པ་དང་་ས་ཁུལ་དེར་ཡང་ཡང་དུས་བབ་ཛ་དྲག་མི་བཟོ་བ་དང་སྦིར་སྒྲོག་མི་བྱེད་རྒྱུའི་རེ་བ་ཡོད་ལ། ང་ཚོས་ཨ་རི་ཕྱོགས་ཀྱིས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐུལ་ལྕག་ཀྱང་བྱ་རྒྱུ་ཡིན”ཞེས་ཧྭ་ཁྲུན་ཡིང་གིས་དེ་ལྟར་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།