འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དར་མདོར་ལོ་བཅུའི་རིང་གི་གངས་ཆེ་ཤོས་བབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་21ཉིན་དང་22ཉིན་སི་ཁྲོན་དར་མདོར་ལོ་བཅུའི་རིང་གི་གངས་ཆེ་ཤོས་བབས་ཤིང་། ཚེས་21ཉིན་གྱི་ཆུ་ཚོད་8པ་ནས་ཚེས་22ཉིན་གྱི་ཆུ་ཚོད་8པ་བར་གྱི་ཆུ་ཚོད་24ཡི་ནང་ས་གནས་དེར་གངས་བབས་ཚད་ཧའོ་སྨི་38.3ལྷག་ཙམ་ཟིན་ནས་ལོ་བཅུའི་རིང་གི་གངས་བབས་ཚད་མཐོ་ཤོས་ཧའོ་སྨི་26.8ལས་བརྒལ་བ་དང་གངས་གསོག་ཐེབས་ཐུག་ཚད་ལི་སྨི་32ཟིན་ཡོད་པ་རེད།
         སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཨུད་དྲིལ་བསྒྲགས་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། གནས་ཚུལ་མ་སྤེལ་གོང་གངས་ཆེན་སྔར་བཞིན་འབབ་ཀྱི་ཡོད། གནོད་འཚེ་ཕོག་པའི་ཞིབ་ཕྲའི་གནས་ཚུལ་བརྟག་ཞིབ་བྱེད་བཞིན་ཡོད་པ་དང་མིག་སྔར་མི་སྣ་ཤི་རྨས་དང་ཁང་པ་རྡིབ་པའི་སྙན་ཞུ་འབྱོར་མེད། གངས་འབབ་དུས་དར་མདོ་གྲོང་ཁྱེར་གྱི་ས་ཁུལ་ཁག་གཅིག་གི་གློག་ཆད་ཡོད་ནའང་ད་ལྟ་སླར་གསོ་བྱུང་ཡོད་པ་རེད།
         ད་རེས་གངས་བབས་པའི་གནམ་གཤིས་བསྟན་པར་དམིགས་ནས་དཀར་མཛེས་ཀྲོའུ་གནམ་གཤིས་ཅུས་ཀྱིས་འཕྲལ་སྡོམ་གནམ་གཤིས་ཞབས་ཞུ་དུས་ཐོག་ཏུ་སྤེལ་བ་དང་། དཀར་མཛེས་ཀྲོའུ་གནམ་གཤིས་ལས་ཁུངས་ཀྱིས་གཞུང་ལམ་ཐོག་གངས་འཁྱག་ཐེབས་པའི་ཉེན་བརྡ་སེར་པོ་དང་། དེ་བཞིན་དར་མདོའི་གངས་ཆེན་ཉེན་བརྡ་སེར་པོ་སྔ་སྣུར་ནས་བཏང་ཡོད། རྫོང་ཁག་གི་འགྲིམ་འགྲུལ་ཉེན་རྟོག་པས་དུས་ཐོག་ཏུ་གཞུང་ལམ་ཐོག་ལས་འགན་བསྒྲུབས་པ་དང་ལྷག་པར་དུ་རྒྱུ་ལ་ཁ་སོགས་གཙོ་གནད་ལམ་དུམ་བུར་ལས་རེས་བྱས་ནས་གཞུང་ལམ་ཤར་བགྲོད་ཡོང་བ་བྱས་ཡོད། གཞུང་ལམ་དོ་དམ་སྡེ་ཚན་གྱིས་དུས་ཐོག་ཏུ་འཕྲལ་སྡོམ་ལམ་སྲོལ་ལག་བསྟར་བྱས་ནས་ཁྱོན་མི་ཐེངས་500ལྷག་ཙམ་དང་འཕྲུལ་འཁོར་ཁག་ཐེངས་87བཏང་བ་དང་འདྲེད་འགོག་བྱེ་རྡོ་སྨི་རྒྱ་དཔངས་ངོས་གྲུ་300ལྷག་ཙམ་བཏིང་སྟེ་ནུས་ཤུགས་ཡོད་རྒུས་གངས་ཕྱག་དང་གཞུང་ལམ་ཤར་བགྲོད་ལས་དོན་སྤེལ་བཞིན་ཡོད་པ་རེད།
         དཀར་མཛེས་ཀྲོའུ་གནམ་གཤིས་ཅུས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཀྲོའུ་ཡོངས་ཀྱི་ཁྱབ་ཁོངས་སུ་ཚེས་25ཉིན་གྱི་མཚན་མོ་བར་གངས་བབས་པའི་གནམ་གཤིས་བསྟན་རྒྱུ་རེད། འབྱུང་འགྱུར་ཆུ་ཚོད་72རིང་དཔལ་ཡུལ་དང་། དཀར་མཛེས། བྲག་འགོ ཉག་རོང་། རྟའུ། རོང་བྲག དར་མདོ། ལུའུ་ཏིང་། ཉག་ཆུ། ལི་ཐང་། འབའ་ཐང་བཅས་སུ་གངས་(ཆར་པ)ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་ཡིན་པའི་ནང་ཉག་རོང་དང་། རྟའུ། དར་མདོ། ཉག་ཆུ། ལི་ཐང་བཅས་སུ་གངས་ཆེན་པོ་འབབ་རྒྱུ་རེད།
         དཀར་མཛེས་ཀྲོའུ་གནམ་གཤིས་ཅུས་ཀྱིས་དབྱེ་ཞིབ་བྱས་པར་གཞིགས་ན། ད་རེས་ཀྱི་གནམ་གཤིས་དེས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནམ་གཤིས་ཀྱི་རིམ་པ་ཆག་རྒྱུ་དང་ས་རྒྱུའི་བཞའ་ཚན་ལེགས་སུ་འགྲོ་རྒྱུ་སོགས་ཐད་ཕན་པ་གང་ཙམ་ཡོད་མོད། འོན་ཀྱང་ས་བབ་མཐོ་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དང་། སྤྱི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བ། ཕྱུགས་ཟོག་དཔྱིད་སྒྲོལ་བཅས་ཐད་ཤུགས་རྐྱེན་ཐེབས་རྒྱུ་རེད།
         མིག་སྔར་དཀར་མཛེས་ཀྲོའུ་ཡི་ས་གནས་ཁག་གོ་རིམ་དང་ལྡན་པ་ཞིག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།