འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སིང་ཀ་ཕོར་གྱིས་དུས་ཡུན་ཟླ་བ་དྲུག་རིང་གི“རླངས་འཁོར་མེད་པའི་གཟའ་ཉི་མའི”
    འཆར་གཞི་ཚོད་ལྟ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སིང་ཀ་ཕོར་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་འདིའི་ཚེས་28ཉིན་ནས་བཟུང་། སིང་ཀ་ཕོར་གྱིས་དུས་ཡུན་ཟླ་བ་དྲུག་རིང་གི“རླངས་འཁོར་མེད་པའི་གཟའ་ཉི་མའི”འཆར་གཞི་ཚོད་ལྟ་བྱ་རྒྱུ་རེད། ཟླ་རེའི་མཐའ་མཇུག་གི་གཟའ་ཉི་མར་སྲིད་གཞུང་གི་ཐོག་བརྩེགས་ཆེ་མོའི་མདུན་གྱི་སྤང་ཁ་ཆེན་པོའི་ཉེ་འཁོར་གྱི་ལམ་དུམ་བར་རླངས་འཁོར་གཏོང་ཆོག་གི་མེད་པ་རེད།
         “རླངས་འཁོར་མེད་པའི་གཟའ་ཉི་མའི”འཆར་གཞི་ཚོད་ལྟ་བྱེད་པའི་དམིགས་ཡུལ་ནི། དུས་ཆེན་དང་གུང་གསེང་ཉིན་མོར་སྤྱི་དམངས་ཚོར་བདེ་འཇགས་ལྡན་པའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་ཞིག་གཏོད་རྒྱུ་དེ་རེད། འཆར་གཞི་དེར་གཞིགས་ན། སྤང་ཁ་ཆེན་པོའི་མཐའ་བཞིའི་ལམ་དུམ་བུར་གཟའ་ཉི་མའི་ཞོགས་པའི་ཆུ་ཚོད་7པ་ནས་9པ་བར་ཁྱོན་ཡོངས་ནས་བཀག་སྡོམ་བྱ་རྒྱུ་ཡིན་པ་དང་སྐབས་དེ་དུས་ལམ་དུམ་བུ་དེ་ལམ་ཐག་ཧྲིལ་པོར་སྤྱི་ལེ་4.7ཙམ་ཟིན་པའི་རྐང་འཁོར་ལམ་དང་གོམ་བགྲོད་ལམ་ཞིག་ཆགས་རྒྱུ་རེད། གཞན་ཡང་ལམ་དུམ་བུ་ཁག་གཅིག་ཉིན་དགུང་ཆུ་ཚོད་12བར་བཀག་སྡོམ་བྱས་ནས་མི་རྣམས་སྤང་ཁ་ཆེན་པོའི་མཐའ་འཁོར་དུ་སེམས་ལྷོད་པོའི་ངང་བྱེད་སྒོ་སྤེལ་ཐུབ་པ་བྱ་རྒྱུ་རེད།
         ཟླ་2ཚེས་28ཉིན་སིང་ཀ་ཕོར་སྲིད་གཞུང་གིས“རླངས་འཁོར་མེད་པའི་གཟའ་ཉི་མའི”འགོ་ཚུགས་མཛད་སྒོ་འཚོག་རྒྱུ་རེད། བྱེད་སྒོ་སྤེལ་ཡུལ་དུ་རྒྱུག་ཤར་གློད་པ་དང་། ལུས་རྩལ་རྩེ་བ། ཁང་ཕྱིའི་ཡོ་གའི་ལུས་རྩལ་རྩེ་བ། ལན་ཆིའུ་སྤོ་ལོ་རྒྱག་པ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་དང་སྐབས་དེ་དུས་སྤྱི་དམངས་ཀྱིས་ཁང་ཕྱིར་ཞོགས་ཟས་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།