འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀླུ་མོ་རྟགས་ཅན་ཨང་གཉིས་པས”ཚོད་སྤྱོད་ལས་འགན་ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་རྒྱ་མཚོ་ཅུས་ནས་ཤེས་རྟོགས་བྱས་པར། ཧིན་རྡུ་རྒྱ་མཚོ་ཆེན་པོའི་ལྷོ་ནུབ་ཏུ་ཀྲུང་གོ་རྒྱ་མཚོ་ཆེན་པོའི་འགྲུལ་བཞུད་ཐེངས་བཞི་བཅུའི་འགྲུལ་བཞུད་དུམ་བུ་གཉིས་པར་ལས་འགན་སྒྲུབ་བཞིན་ཡོད་པའི“ཉི་གཏད་རྟགས་ཅན་ཨང་བཅུ་པའི་གྲུ་གཟིངས”ནས་ཉིན་ཤས་གོང་གཏམ་བཟང་ཡང་ཡང་འབྱོར་ཅིང་། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་སྨི་4500རིམ་པའི་རང་བརྟེན་ཆུར་འཛུལ་འཕྲུལ་མི“ཀླུ་མོ་རྟགས་ཅན་ཨང་གཉིས་པ”གྲུབ་འབྲས་ཐོབ་པའི་སྒོ་ནས“ཉི་གཏད་རྟགས་ཅན་ཨང་བཅུ་པའི”གྲུ་གཅལ་ཐོག་ཚུར་བསྡུས་པ་དེ་ཐོག་ནས“ཀླུ་མོ་རྟགས་ཅན་ཨང་གཉིས་པས”གྲུབ་འབྲས་ཐོབ་པའི་སྒོ་ནས་ཚོད་སྤྱོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་མཚོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།