༄༅།།སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ།
གསར་འགྱུར་སྤེལ་དུས། 【2016ལོའི་ཟླ་ 02ཚེས་23ཉིན། 13:28】 (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)
མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་22ཉིན། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་གི་ཁོངས་སུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་སྐད་གྲགས་ཆེ་བའི་སྐུ་འབུམ་དགོན་དུ་མེ་ཏོག་མཆོད་པ་བཤམས་ཡོད་ལ། དད་ལྡན་མང་ཚོགས་འབོར་ཆེན་མེ་ཏོག་མཆོད་མཇར་སླེབས་ཡོད་པ་རེད། མར་རྒྱན་གྱིས་བཟོས་པའི་མེ་ཏོག་མཆོད་པ་ནི་སྐུ་འབུམ་དགོན་པའི“སྒྱུ་རྩལ་མཆོག་གསུམ”གྱི་གྲས་ཤིག་ཡིན་པ་དང་། ལྷ་སྐུ་དང་མི་སྣ། རྩི་ཤིང་སྲོག་ཆགས་ལ་སོགས་པའི་བཟོ་དབྱིབས་ནི་གསོན་ཉམས་ལྡན་ལ་མཚོན་མདངས་བཀྲ་བས་སྒྱུ་རྩལ་གྱི་ཁྱད་ཆོས་དང་རིན་ཐང་ཆེན་པོ་ལྡན་པ་ཞིག་ཡིན།
【1】
【2】
【3】
【4】
【5】
【6】
【7】
【8】