འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལུའོ་ཧྲན་ཅིའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་མཉམ་དུ་དཔྱིད་གསར་དུས་ཆེན་
    ལ་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་རང་གི་དུས་ཚོད་ཚེས་21ཉིན་གྱི་དགོང་མོ་ལུགས་རྙིང་མེ་སྤྲེལ་ལོའི་དང་པོའི་བཅོ་ལྔའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྤེལ་རེས་མཐུན་ཚོགས་ཚོགས་ཆུང་གིས་མངགས་པའི་2016ལོའི“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞིས་དཔྱིད་ཀ་མཉམ་དུ་བསུ”ཞེས་པའི་མེ་གླིང་བྱང་མའི་སྒྱུ་རྩལ་ཚོགས་པས་ཨ་རིའི་ཁ་ལི་ཧྥོ་ནེ་ཡ་ཀྲོའུ་ལུའོ་ཧྲན་ཅི་གྲོང་ཁྱེར་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཆིག་སྟོང་ལྷག་ཙམ་ལ་ངོ་མཚར་ཆེ་བའི་དགོང་ཚོགས་ཤིག་འཁྲབ་སྟོན་བྱས་པ་རེད།
         ཉིན་དེ་རང་གི་དགོང་མོ། ལུའོ་ཧྲན་ཅི་ཡི་གྲགས་ཅན་གྱི་ཕ་ས་ཏི་ནའི་གྲོང་ཁྱེར་འཛུགས་སྐྲུན་ཚོམས་ཆེན་ནང་ལྟད་མོ་བས་ཁེངས་ཤིང་མི་རྣམས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་པ་དང་ངོ་གདོང་ལས་དུས་སྟོན་གྱི་བཀྲ་ཤིས་པའི་འཛུམ་མདངས་འཕྱུར། 《བསྐལ་བཟང་སྤྲོ་གླུ་》ཞེས་པས་འཁྲབ་སྟོན་གྱི་ཡོལ་བ་ཕྱེ་བ་དང་དེའི་རྗེས་ཧོ་ནན་ཞིང་ཆེན་གྱི་གླུ་གར་འཁྲབ་སྟོན་ཚོགས་པ་དང་སུང་ཧྲན་ཧྲའོ་ལིན་དགོན་པའི་དྲག་རྩལ་གྲྭ་པའི་རུ་ཁག་གི་འཁྲབ་སྟོན་པས་གླུ་གར་དང་དམངས་ཁྲོད་རོལ་མོ་རྐྱང་དཀྲོལ་བྱས་པས་དགོང་ཚོགས་ཀྱི་མཐོ་རླབས་འཕྱུར་བ་རེད། 《ཀྲུང་གོའི་སྐད་སྒྲ་ཡག་པོ་》ཞེས་པའི་ལེ་ཚན་ནང་བདམས་ཐོན་བྱུང་བའི་གཞོན་ནུ་གཞས་པ་ཕིང་ཨན་དང་། ལི་ཝེ། ཀྲོའུ་ཧྲན་སོགས་ཀྱིས་ཀྱང་དགོང་ཚོགས་ལ་ལང་ཚོའི་གསོན་ཤུགས་སྦྱིན་པ་རེད།
         དགོང་ཚོགས་སྐབས་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཆིའུ་ཡོན་ཕིང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞིས་དཔྱིད་ཀ་མཉམ་དུ་བསུ”ཞེས་པ་ནི་ཕྱིར་སྡོད་ཀྲུང་གོ་བའི་བསམ་པའི་དགོས་མཁོ་སྐོང་བ་ཞིག་ཡིན་པ་དང་འཛམ་གླིང་མི་དམངས་ཀྱིས་ཀྲུང་ཧྭ་རིག་གནས་ལ་ཤེས་རྟོགས་དང་ངོས་འཛིན་གཏིང་ཟབ་ཡོང་བ་དང་ཀྲུང་ཧྭ་རིག་གནས་རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཚད་གཏིང་ཟབ་ཏུ་གཏོང་ཆེད་ནུས་ཤུགས་ཡོད་རྒུས་བཏོད་པའི་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ལྡན་པའི་དཔྱིད་གསར་དུས་ཆེན་གྱི་རིམ་སྤེལ་རིག་གནས་སྤུས་རྟགས་བྱེད་སྒོ་ཞིག་རེད། ད་བར་སྤུས་རྟགས་དེར་ཕྱིར་སྡོད་ཀྲུང་གོ་བ་དང་ཐ་ན་རྒྱལ་ཁབ་ཁག་གི་གཙོ་རྒྱུན་སྤྱི་ཚོགས་སུ་རྒྱབ་སྐྱོར་བྱེད་མཁན་ཧ་ཅང་མང་པོ་བྱུང་བ་དང་ཁས་ལེན་རྒྱ་ཁྱབ་ངང་ཐོབ་ཡོད་ཅེས་བཤད་པ་རེད།
         2009ལོར་དངོས་སུ་ལག་བསྟར་བྱས་པ་ནས་བཟུང“རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞིས་དཔྱིད་ཀ་མཉམ་དུ་བསུ”ཞེས་པར་ཁྱོན་སྒྱུ་རྩལ་ཚོགས་པ་52མངགས་པ་དག་གོ་ལ་ཧྲིལ་པོའི་གླིང་ཆེན་དྲུག་གི་རྒྱལ་ཁབ་དང་ས་ཁུལ་109རུ་སོ་སོར་བསྐྱོད་ནས་འཁྲབ་སྟོན་ཐེངས་300ལྷག་བྱས་པར་རིམ་་རྩིས་བྱས་ན་ལྟད་མོ་བ་མི་ཐེངས་ཁྲི400ལྷག་ཙམ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། “རིག་གནས་ཀྱི་ཀྲུང་གོ·ཕྱོགས་བཞིས་དཔྱིད་ཀ་མཉམ་དུ་བསུ”ཞེས་པའི་སྒྱུ་རྩལ་ཚོགས་པས་ལོ་བརྒྱད་བསྟུད་མར་ལུའོ་ཧྲན་ཅི་རུ་འཚམས་འདྲི་བྱས་པ་དང་དེ་ཡང་ད་ཐེངས་མེ་གླིང་བྱང་མའི་སྒྱུ་རྩལ་ཚོགས་པ་ཨ་རིའི་རྒྱལ་ཁོངས་སུ་སྐོར་འཁྲབ་བྱེད་པའི་ས་ཚིགས་མཇུག་ཤོས་དེ་ཡིན་པ་རེད། དེའི་རྗེས་སུ་སྒྱུ་རྩལ་ཚོགས་པས་ཁ་ན་ཏའི་དབུན་ཀ་ཧོ་དང་ཏུའོ་ལུན་ཏུའོ་སོགས་གྲོང་ཁྱེར་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།