འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཧའར་པིན་གྱིས་ཟ་ཁང“ཉ་ཤ་གོང་ཆེན”ལ་ཆད་པ་ནན་པོ་བཅད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་24ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་21ཉིན་གསར་འགོད་པར་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་སུང་པེ་ཆུས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། སུང་པེ་ཆུས་ཀྱི“ཉ་ཤ་གོང་ཆེན”གྱི་དོན་རྐྱེན་ལ་ཆེད་དོན་བརྟག་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་གནད་དོན་ལ་དམིགས་ནས་བརྟག་ཞིབ་བྱས་ཟིན་པ་དང་དེ་ནི་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་དོན་རྐྱེན་ཧ་ཅང་ངན་པ་ཞིག་ཡིན་པས་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་ཟ་ཁང་གི་ལས་གཉེར་ལག་ཁྱེར་མེད་པ་བཟོ་རྒྱུ་དང་ཟ་ཁང་གི་སྦྱིན་བདག་ལ་དངུལ་ཆད་སྒོར་ཁྲི་50གཅོད་རྒྱུའི་ཐག་བཅད་པ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་དེ་བཞིན་ལས་དོན་པར་འགན་འཁྲི་བདའ་འདེད་གཏོང་འགོ་ཚུགས་པ་རེད།
         ཟླ་2ཚེས་12ཉིན་ཡུལ་སྐོར་བ་ཁྲེན་ཆེ་གེ་མོས་དྲ་མིང“jackམར་ལྟང”གི་ཐོག་ནས་དཔོད་ཆུང་ཐོག་དཔྱིད་གསར་དུས་ཆེན་སྐབས་ཧའར་པིན་གྲོང་ཁྱེར་སུང་པེ་ཆུས་ཀྱི“བྱང་ངོས་ཉ་གྲོང”དུ་ཟ་མ་ཟ་སྐབས“སྟ་རེ་གཞུས་བྱུང”ཞེས་བཀོད་པར་དྲ་དམངས་ཚོས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་དེ་ནི“ཉ་ཤ་གོང་ཆེན”གྱི་དོན་རྐྱེན་ཡིན་ལུགས་བཤད་པ་རེད།
         ཟླ་2ཚེས་14ཉིན་ཧའར་པིན་གྲོང་ཁྱེར་སུང་པེ་ཆུས་སྲིད་གཞུང་གིས་ཆེད་དོན་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ་བརྟག་དཔྱད་བྱས་པ་དང་། ཚེས་15ཉིན་བརྟག་དཔྱད་ཚོགས་ཆུང་གིས་དུས་མཚམས་རང་བཞིན་གྱི་བརྟག་དཔྱད་འཕེལ་རིམ་ཡོངས་བསྒྲགས་བྱས་པར་སྤྱི་དམངས་ཀྱིས་དོགས་པ་བྱས། ཚེས་16ཉིན་ཧའར་པིན་གྲོང་ཁྱེར་སྲིད་གཞུང་གིས་ཚོགས་འདུ་འཚོགས་ཏེ“ཉ་ཤ་གོང་ཆེན་གྱི”དོན་རྐྱེན་གྱི་བརྟག་དཔྱད་ལས་དོན་ལ་ཆེད་མངགས་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ལ་ཐེ་ཇུས་དང་མཛུབ་སྟོན་བྱེད་དགོས་པའི་བཀའ་བཏང་བ་མ་ཟད། སུང་པེ་ཆུས་སྲིད་གཞུང་གིས་བརྟག་དཔྱད་སྟོབས་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་ལྟར་དང་། གཞུང་དྲང་། དྲང་གཞག་བཅས་ཀྱི་སྒོ་ནས་བརྟག་དཔྱད་དཔང་འཚོལ་བྱས་ཏེ་བརྟག་དཔྱད་ཐག་གཅོད་ལས་ཀ་གང་མགྱོགས་ཚར་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྟག་དཔྱད་ཚོགས་ཆུང་གིས་བརྟག་དཔྱད་བྱེད་ཟབ་ཏུ་བཏང་ནས་དེ་ནི་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་དོན་རྐྱེན་ངན་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་དང་བརྟག་དཔྱད་བྱས་པ་བརྒྱུད“བྱང་ངོས་ཉ་གྲོང”གིས་མི་ཐབས་ལ་བརྟེན་ནས་གསོས་པའི་ཉ་ཁྲབ་ཆེན་དེ་རང་བཞིན་འཚར་བ་ཡིན་ཁུལ་གྱིས་བཙོངས་ནས་འཛད་སྤྱོད་པར་མགོ་སྐོར་བཏང་བ་དང་། 《ཟ་འཐུང་ཞབས་ཞུའི་ཆོག་འཐུས་ལག་ཁྱེར》གྱི་གོ་ཆོད་དུས་ཡུན་ཐིམ་ཡང་དུས་བཀག་ལྟར་དུས་ཡུན་རིང་དུ་གཏོང་རྒྱུའི་རེ་ཞུ་མ་བྱས་པར་ལས་གཉེར་བྱེད་པ། ལག་ཁྱེར་དང་སྒོ་བྱང་ཐོག་གི་མིང་གཅིག་མཚུངས་མ་ཡིན་པ་དང་མིང་རྫུས་མ་སྤྱད་དེ་ཞབས་ཞུ་བསྒྲུབས་པ། ཚལ་ཐོའི་སྟེང་གི་ས་ཡིག་ཚང་མ་ཟ་ཁང་གི་ཞབས་ཞུ་བས་བཀོད་པ་ཡིན་པ། ཕྱོགས་གཉིས་བར་གཞུ་རེས་ཐུག་པས་ཁྲེན་ག་གེ་མོར་ཉེས་རྡུང་ཕོག་པ་དོན་དངོས་ཡིན་པ། མི་དམངས་ཉེན་རྟོག་པ་ཀྲང་ཆེ་གེ་མོས་ཐག་གཅོད་བྱེད་སྐབས་ཚད་དང་མ་མཐུན་པ་དང་ཡ་རབས་མ་ཡིན་པའི་ཁྲིམས་སྐྱོང་བྱེད་སྤྱོད་ཐོན་པའི་གཏན་འཁེལ་བྱས་པ་རེད།
         “བྱང་ངོས་ཉ་གྲོང”གིས་འཛད་སྤྱོད་པར་མགོ་སྐོར་བཏང་བ་དང་ཟ་འཐུང་ཞབས་ཞུའི་ཆོག་འཐུས་ལག་ཁྱེར་གྱི་དུས་ཚོད་ཐིམ་ཡང་སྔར་བཞིན་རང་དགར་ལས་གཉེར་བྱེད་པ་སོགས་ཀྱི་གནད་དོན་ལྷག་ཡོད་པས་སུང་པེ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཟླ་2ཚེས་17ཉིན་ཟ་ཁང་དེར་ཁྲིམས་འགལ་ལས་གཉེར་གྱི་བྱེད་སྒོ་མཚམས་འཇོག་བྱེད་དགོས་པའི་བཀའ་བཏང་ཡོད། ཉེ་ཆར་སུང་པེ་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཟ་ཁང་གི་ལས་གཉེར་ལག་ཁྱེར་མེད་པ་བཟོ་རྒྱུ་དང་ཟ་ཁང་གི་སྦྱིན་བདག་མཱ་ཆེ་གེ་མོར་དངུལ་ཆད་སྒོར་ཁྲི་50གཅོད་རྒྱུའི་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།