འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུར་ཁེའི་སློབ་ཆེན་གྱིས་ཀྲུང་གོའི་སློབ་མ་དེ་བས་མང་བ་ཡོང་རེ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་ཡོ་རོབ་དང་ཨེ་ཤེ་ཡའི་རྒྱལ་སྤྱིའི་མཐོ་རིམ་སློབ་གསོའི་དབུ་ཚོགས་ཐོག་ཐུར་ཁེའི་སློབ་ཆེན་ཁག་གཅིག་གིས་ཀྲུང་གོའི་སློབ་ཆེན་དང་མཉམ་ལས་བྱས་ནས་ཀྲུང་གོའི་སློབ་མ་དེ་བས་མང་བ་ཐུར་ཁེར་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         དབྱི་སི་ཐན་པུར་ཨའེ་ཏིང་སློབ་ཆེན་གྱི་ཕྱི་ཕྱོགས་འབྲེལ་གཏུག་གི་འགན་འཁུར་མཁན་སར་མན·ཨར་སི་ལན་པ་ཧྲིན་གྱིས་ཀྲུང་གོ་དེ་ཉིད་འཛམ་གླིང་མཐོ་རིམ་སློབ་གསོའི་ཁྲོམ་རར་ཡུན་རིང་གསོན་ཤུགས་ཆེན་པོས་གནས་པ་དེ་ཐུར་ཁེས་སློབ་སྦྱོང་བྱེད་འོས་པ་ཞིག་རེད། མིག་སྔར་དབྱི་སི་ཐན་པུར་ཨའེ་ཏིང་སློབ་ཆེན་གྱིས་སློབ་མ་དང་མཁས་དབང་དབར་སྤེལ་རེས་བྱ་རྒྱུ་དང་། མཉམ་ལས་བྱས་ནས་ཚན་ཁག་གཏོད་རྒྱུ། རིན་མེད་ཀྱི་ཐུར་ཁེའི་ཡི་གེ་དང་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱ་རྒྱུ་སོགས་རྣམ་གྲངས་ཐད་པེ་ཅིང་དགེ་འོས་སློབ་ཆེན་དང་། ཧྭ་ནན་དགེ་འོས་སློབ་ཆེན། ཧྲང་ཧའེ་སློབ་ཆེན་བཅས་གསུམ་དང་གྲོས་མཐུན་བཞག་ཡོད། ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་མ་དངུལ་རོགས་སྐྱོར་འོག་རྒྱ་སྐད་སྦྱོང་མཁན་ཐུར་ཁེའི་སློབ་མས་ད་དུང་རིན་མེད་ངང་ཀྲུང་གོར་བསྐྱོད་ཆོག་གི་ཡོད། གཞོན་ནུ་དེ་དག་ནི་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་མཁན་གྱི“རིག་གནས་ཕོ་ཉ”ལྟ་བུར་འགྱུར་རྒྱུ་ཡིན་ཞེས་བཤད་པ་རེད།
         ཐུར་ཁེའི་སློབ་ཆེན་གྱི་གྲངས་འབོར་དེ་2003ལོའི་76ནས་190བར་མང་དུ་སོང་བ་དང་མིག་སྔར་ཐུར་ཁེའི་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་ཀྲུང་གོའི་སློབ་ཆེན་སློབ་མ་1000ཡོད་པ་རེད། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་བཞིན་པའི་ཀྲུང་གོའི་སློབ་མ་ཞིག་གིས་ཐུར་ཁེའི་སློབ་མས་ཀྲུང་གོའི་ལྕགས་རི་རིང་པོ་མ་གཏོགས་རྒྱུས་མངའ་མེད། ཀྲུང་གོ་བར་སྔར་བཞིན་བལྟ་སྟངས་རྙིང་པ་ཞིག་འཛིན་གྱི་ཡོད། ཁོང་དང་འདྲ་བའི་བརྗེ་རེས་སློབ་མར“ཕན་ཚུན་ཕྱོགས་ཞེན་དང་མཐོང་ཕྱོགས”མེད་པ་བཟོ་རྒྱུའི་འོས་འགན་ཡོད་ཅེས་བཤད་པ་རེད།
         འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཀྲུང་གོའི་སློབ་ཆེན་གྱི་འཐུས་མི་ཚུད་པའི་མཐོ་སློབ་ཀྱི་འཐུས་མི་དང་མཁས་དབང་200ལྷག་ཙམ་དབུ་ཚོགས་སུ་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།