འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཏུང་གིས་སྲིད་ཇུས་རང་བཞིན་གྱི་དངུལ་བུན་གཏོང་མང་དུ་བཏང་ནས་ཞིང་ལས་དང་
    གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 10:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་ཧྲན་ཏུང་ཞིང་ཆེན་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་གསལ། 2016ལོའི་ཟླ་1པོའི་ཟླ་མཇུག་བར་ཞིང་ལས་འཕེལ་རྒྱས་དངུལ་ཁང་ཧྲན་ཏུང་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་སྲིད་ཇུས་རང་བཞིན་གྱི་དངུལ་བུན་སྒོར་དུང་ཕྱུར་1690བཏང་ནས་ཧྲན་ཏུང་གི་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་རེད།
         ཞིང་ལས་འཕེལ་རྒྱས་དངུལ་ཁང་ཧྲན་ཏུང་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཧང་ཀྲང་ལིའུ་ཚུའེ་རུའུ་ཡིས་ངོ་སྤྲོད་བྱས་པར། 2007ལོར་ཞིང་ལས་འཕེལ་རྒྱས་དངུལ་ཁང་ཧྲན་ཏུང་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་བཏང་ཚུན་ནས་2016ལོའི་ཟླ་དང་པོའི་ཟླ་མཇུག་བར་རིམ་རྩིས་བྱས་ན་དེ་རིགས་ཀྱི་དངུལ་བུན་སྒོར་དུང་ཕྱུར་1690བཏང་བའི་ནང་ཆུ་བེད་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་690བཏང་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་36བཏང་ཡོད་པ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལ་སྒོར་དུང་ཕྱུར་69བཏང་བ་བཅས་རེད།
         དངུལ་བུན་དེ་དག་གིས་ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་ཞིང་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་གཏོང་། གྲོང་གསེབ་ཀྱི་ས་ཞིང་གཞི་ཁྱོན་འོས་འཚམ་ཚོང་གཉེར་བྱེད་པ་དང་གྲོང་གསེབ་ཀྱི་ས་ཞིང་ལེགས་བསྡུས་གྲོན་ཆུང་བེད་སྤྱོད་ཀྱི་ཆུ་ཚད་ལ་སྐུལ་མ་ཐེབས་ཡོད་པ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་ཧྲན་ཏུང་གི་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་སུ་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་ཆེན་པོ་ཡོད་པ་དང་། སྡོད་ཁང་སྐྱོ་ཁུལ་གྱི་དུད་ཚང་ཁྲི་48སྒྱུར་བཀོད་ལེགས་སྒྲུབ་བྱེད་དགོས་པ་དང་། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་ཁྲི་5སྒྱུར་བཀོད་བྱེད་དགོས་པ། གནོད་མེད་ཅན་གྱི་གཙང་སྦྲ་དོད་པའི་གསང་སྤྱོད་ཁྲི་200འཛུགས་སྐྲུན་བྱེད་དགོས་པ། ཞིང་པར་ཞབས་ཞུའི་ལྟེ་གནས་850སྐྲུན་དགོས་པ། ཚབ་གཉེར་བྱེད་པའི་ས་ཞིང་རྒྱ་ཁྱོན་མུའུ་ཁྲི་1600ཟིན་དགོས་པ་སོགས་རེད། ལིའུ་ཚུའེ་རུའུ་ཡིས། ཞིང་ལས་འཕེལ་རྒྱས་དངུལ་ཁང་ཧྲན་ཏུང་ཞིང་ཆེན་ཡན་ལག་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ལེགས་ཆ་སྔར་བས་འཕེལ་རྒྱས་བཏང་ནས་དེ་བས་ཡག་པའི་ཐོག་ནས་ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། གྲོང་གསེབ་དང་གྲོང་ཁྱེར་གཞི་གཅིག་ཅན་གྱི་འཕེལ་རྒྱས་དང་ཞིང་ལས་དེང་རབས་ཅན་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་ཆུ་བེད་འཛུགས་སྐྲུན་དང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད། ཁྱོན་ཡོངས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པ། གྲོང་གསེབ་ཀྱི་གཞུང་ལམ་སོགས་རྣམ་གྲངས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ་ཞིང་ལས་དང་གྲོང་གསེབ་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ཐུབ་པ་བྱེད་པ་དང་སྦྲགས། ས་ཞིང་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་བྱེད་པ་དང་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལ་མུ་མཐུད་ནས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།