འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་མི་རིགས་མཐུན་སྒྲིལ་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གིས་མི་རིགས་སློབ་གསོ་འཕེལ་རྒྱས་མྱུར་པོ་གཏོང་རྒྱུའི་སྐོར་གྱི་ཡིག་ཆ་ཞིག་བཏོན་པའི་ནང་མི་རིགས་མཐུན་སྒྲིལ་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཛུགས་རྒྱུ་རེད་ཅེས་འཁོད་ཡོད།
         ནང་སོག་གིས་སློབ་ཆུང་ལོ་རིམ་མཐོ་བ་དང་དམའ་རིམ་སློབ་འབྲིང་ནང་མི་རིགས་མཐུན་སྒྲིལ་སློབ་གསོའི་ཆེད་དོན་སློབ་ཚན་དང་། སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་བསམ་བློ་ཆབ་སྲིད་སློབ་ཚན་ནང་མི་རིགས་མཐུན་སྒྲིལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ནང་དོན། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་ལས་རིགས་སློབ་གླིང་དུ་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་ཚན་བཅས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
         ནང་སོག་རིམ་ཁག་སློབ་གྲྭ་འབྲིང་ཆུང་ཁག་གིས་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི་སློབ་གྲྭ་འབྲིང་ཆུང་གི་མི་རིགས་མཐུན་སྒྲིལ་སློབ་གསོའི་སློབ་དེབ་གཅིག་གྱུར་ཐོག་སྤྱོད་རྒྱུ་དང་། ནང་སོག་གིས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི་མི་རིགས་མཐུན་སྒྲིལ་སློབ་གསོའི་ས་ཁུལ་གྱི་ཁ་གསབ་སློབ་དེབ་དང་དེང་རབས་སློབ་ཁྲིད་ཐོན་ཁུངས་གཅིག་གྱུར་ཐོག་སྤྱོད་རྒྱུ་དེ་རིན་མེད་སློབ་དེབ་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ་རེད།
         ནང་སོག་དགེ་འོས་སློབ་གླིང་དུ་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་གཞུང་དང་སྲིད་ཇུས་དགེ་འོས་ཆེད་ལས་བཙུགས་ནས་མི་རིགས་མཐུན་སྒྲིལ་སློབ་གསོའི་སློབ་ཁྲིད་དགེ་རྒན་གསོ་སྐྱོང་བྱ་རྒྱུ་ཡིན་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་སློབ་གསོ་དེ་ལྟ་སྐུལ་མཛུབ་ཁྲིད་དཔྱད་དཔོག་ལས་དོན་ནང་འཇུག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།