འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཀེ་རི་སེས་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ཚན་ཞིབ་མཉམ་ལས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀེ་རི་སེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་དཔོན་རིགས་ཀྱིས་པེ་ཅིང་ཕོ་བྲང་རྙིང་པའི་དངོས་མང་སྟོན་ཚོགས་ཁང་དང་ཀེ་རི་སེའི་ཞིབ་འཇུག་དང་ལག་རྩལ་ཐེབས་རྩ་ལྷན་ཚོགས་གཉིས་ཀྱིས་ཚན་ཞིབ་མཉམ་ལས་བརྗེད་ཐོར་དངོས་སུ་མིང་རྟགས་བཀོད་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་འོད་ཕུང་ལག་རྩལ་སྤྱད་ནས་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་ཚན་ཞིབ་མཉམ་ལས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཚན་རྩལ་མཐོ་བའི་བྱེད་ཐབས་ལ་བརྟེན་ནས་གནའ་རབས་ཀྱི་རིག་དངོས་ཉམས་གསོ་བྱ་རྒྱུའི་ལག་རྩལ་ལ་ཆ་མཚོན་ན་ཀེ་རི་སེར་རྒྱལ་སྤྱིའི་ཆུ་ཚད་ངེས་ཅན་ཞིག་ལྡན་ཡོད་པ་རེད། ཀེ་རི་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་རྒྱལ་ནང་གི་འབྲེལ་ཡོད་ཚན་པའི་སྐུལ་འདེད་དང་རོགས་སྐྱོར་ཤུགས་ཆེའི་འོག་པེ་ཅིང་ཕོ་བྲང་རྙིང་པའི་དངོས་མང་སྟོན་ཚོགས་ཁང་གིས་ཀེ་རི་སེའི་ཞིབ་འཇུག་དང་ལག་རྩལ་ཐེབས་རྩ་ལྷན་ཚོགས་དང་སྤེལ་རེས་དང་མཐུན་སྦྱོར་ཟབ་མོ་བྱས་ནས་ཕྱོགས་གཉིས་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།