འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུའི་བྱང་རྒྱུད་དུ་ཟིང་ཆ་ལངས་པ་དང་མི་10ཟིང་ཆའི་ཁྲོད་དུ་ཤི་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧིན་རྡུའི་བྱང་རྒྱུད་དུ་ཟིང་ཆ་ལངས་པ་དང་མི་10ཟིང་ཆའི་ཁྲོད་དུ་ཤི་བ།
         མི་དམངས་དྲ་བའི་འཕྲིན། ཧིན་རྡུའི་བྱུང་རྒྱུད་ཀྱི་རྒྱལ་ས་ཏི་ལི་གསར་པ་དང་ཐག་ཉེ་སའི་ཧ་ལི་ཡ་ན་པང་དུ་བསྟུད་མར་ཟིང་ཆ་ལངས་ནས་གཟའ་འཁོར་གཅིག་འགོར་ཟིན་པ་རེད། ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཕྱིར་བསྒྲགས་བྱས་པར་གཞིགས་ན། ཟིང་ཆའི་ཁྲོད་དུ་མི་10ཤི་བ་དང་གཞན་མི་150ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད། 
         གཟའ་སྔོན་མར་ཧིན་རྡུ་སྲིད་གཞུང་གིས་དམག་དཔུང་མངགས་ནས་སྒྲིག་ལམ་སྲུང་སྐྱོང་བྱེད་དུ་བཅུག་མོད། ན་གཞོན་འབོར་ཆེན་གྱིས་ཉིན་འགའི་རིང་དུ་པང་དེའི་ས་གནས་སོ་སོ་ནས་འགྲིམ་འགྲུལ་བཀག་འགོག་དང་། ཉེན་རྟོག་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར་ལ་མེ་སྦར་བ། མགྲོན་ཁང་དང་ཚོང་ཁང་། མེ་འཁོར་འབབ་ཚིགས་སོགས་ཀྱི་མི་མང་ཚོགས་ས་ནས་མེ་སྦར་བ་སོགས་བྱས་པ་རེད། བདེ་སྲུང་དཔུང་སྡེ་དང་ཟིང་ཆའི་མི་ཚོགས་བར་དུ་འགལ་རྐྱེན་ཡང་བྱུང་ཡོད་པ་རེད། ཧིན་རྡུའི་དམག་ཕྱོགས་ཀྱིས་གྱེན་འཕུར་གནམ་གྲུ་ལ་བརྟེན་ནས་ཟིང་ཆ་ལངས་སར་དམག་མི་བརྒྱ་ལྷག་བསྐྱལ་ཏེ་སྒྲིག་ལམ་སྲུང་སྐྱོང་ལ་རོགས་བྱེད་པར་མངགས་ཡོད་པ་རེད། 
    【1】  【2】  【3】  【4】  【5】  【6】
    ༄༅།།ཧིན་རྡུའི་བྱང་རྒྱུད་དུ་ཟིང་ཆ་ལངས་པ་དང་མི་10ཟིང་ཆའི་ཁྲོད་དུ་ཤི་བ།
      

    ཕྱོགས་བསྡུས་གསར་འགྱུར།