འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་ཚང་མར་གྲངས་གཞིའི་གློག་བརྙན་ཁང་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་23ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཡི་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་ཚང་མར་གྲངས་གཞིའི་གློག་བརྙན་ཁང་ཁྱབ་ནས་གློག་བརྙན་ཁང་དུ་གློག་བརྙན་བལྟ་བར་བསྐྱོད་རྒྱུ་དེ་མི་མང་དག་ཅིག་གི་རིག་གནས་འཛད་སྤྱོད་ཀྱི་གདམ་ག་གསར་པར་གྱུར་ཡོད།
         གསར་འགོད་པར་ཀན་སུའུ་ཞིང་ཆེན་རིག་གནས་རིམ་སྤོར་བྱ་སྤྱོད་མཐུན་སྦྱོར་སྐུལ་འདེད་འགོ་ཁྲིད་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། 2015ལོར་ཀན་སུའུ་རུ་གྲངས་གཞིའི་གློག་བརྙན་ཁང་61གསར་སྐྲུན་བྱས་པ་དེ་ལོ་དེ་རང་ལ་ལྡབ་འཕར་བྱུང་ནས་ཞིང་ཆེན་ཡོངས་སུ་གྲངས་གཞིའི་གློག་བརྙན་ཁང་123ཟིན་ཏེ་གློག་བརྙན་གྱི་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་3.85ཟིན་པ་དང་2014ལོ་ལས་62%འཕར་བ་ནི་2010ལོའི་ལྡབ་7ཡིན་པས་གྲངས་གཞིའི་གློག་བརྙན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་ཐོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་ཀན་སུའུ་ཡི་རིག་གནས་ཁྲོམ་རའི་དགོས་མཁོ་ཆེ་རུ་འགྲོ་བ་དང་བསྟུན་ནས་གྲངས་གཞིའི་ཆེས་གསལ་བའི་གློག་བརྙན་དང་། སྒུལ་རིས་རོལ་རྩེད། རིག་གནས་ལུས་རྩལ་གྱི་སྤྱོད་ཆས་སོགས་གསར་དར་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་རིག་གནས་འཛད་སྤྱོད་ཀྱིས་གྲོང་མིའི་འཛད་སྤྱོད་འགྲོ་སོང་གི་བསྡུར་གྲངས་ཟམ་མི་ཆད་པར་འཕར་བ་མ་ཟད། ལྷག་དོན་དུ་གྲོང་གསེབ་ཀྱི་གྲོང་མིའི་རིག་གནས་རོལ་རྩེད་ཀྱི་འཛད་སྤྱོད་འགྲོ་སོང་འཕར་ཚད་ཅུང་མྱུར་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།