འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་སུང་ཐའོ་རུ་འབྲུག་རྩེད་འཁྲབ་ནས་དང་པོའི་བཅོ་ལྔའི་དུས་ཆེན་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཀུའེ་ཀྲོའུ་སུང་ཐའོ་རུ་འབྲུག་རྩེད་འཁྲབ་ནས་དང་པོའི་བཅོ་ལྔའི་དུས་ཆེན་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་20ཉིན་ནི་ལུགས་རྙིང་ལོ་གསར་གྱི་ཚེས་བཅུ་གསུམ་ཡིན་པ་དང་། ཀུའེ་ཀྲོའུ་ཞིང་ཆེན་ཐུང་རེན་གྲོང་ཁྱེར་སུང་ཐའོ་མེའོ་རིགས་རང་སྐྱོང་རྫོང་གིས་ལོ་གཅིག་དུས་གཅིག་གི“ཀྲའེ་དབྱིང་འབྲུག་རྩེད་སྒྱུ་རྩལ་དུས་ཆེན”གྱི་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་དེ་ཀྲའེ་དབྱིང་གྲོང་རྡལ་དུ་བྱས་པ་རེད། “འབྲུག་རྩེད”རྩེ་མཁན་བརྒྱ་ལྷག་ཙམ་གྱིས་དུས་མཉམ་དུ་འཁྲབ་སྟོན་བྱས་ཡོད། ཀྲའེ་དབྱིང་གི་འབྲུག་རྩེད་ནི་ཡུལ་དེ་གའི་མེའོ་རིགས་ཀྱིས་དང་པོའི་བཅོ་ལྔའི་དུས་ཆེན་དགའ་གཏོང་བྱེད་པ་དང་བཀྲ་ཤིས་སྨོན་འདུན་ཞུ་བའི་སྲོལ་རྒྱུན་མི་རིགས་དམངས་སྲོལ་རིག་གནས་བྱེད་སྒོ་ཞིག་ཡིན་པ་དང་ད་བར་ལོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2007ལོའི་ཟླ་ལྔ་པར“ཀྲའེ་དབྱིང་འབྲུག་རྩེད”དེ་ཉིད་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཅིང་། འདི་ནི་ཀྲའེ་དབྱིང་འབྲུག་རྩེད་འཁྲབ་སྟོན་བྱེད་སྒོ་སྤེལ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།