འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།པར་ཙིར་གྱིས“ཀྲའེ་ཁ་མེད་པའི”དམངས་ཡོངས་ཀྱིས་དུག་སྦྲང་རྩ་མེད་བཟོ་བའི་བྱ་སྤྱོད་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། པར་ཙིར་གྱི་ཙུང་ཐུང་ལུའོ་སའེ་ཕུས་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་27གྱི་དཔོན་རིགས་མཉམ་དུ་མིང་ལ“ཀྲའེ་ཁ་མེད་པ”ཞེས་བརྗོད་པའི་རྒྱལ་ཡོངས་རང་བཞིན་གྱི་དུག་སྦྲང་རྩ་མེད་བཟོ་བའི་བྱ་སྤྱོད་སྤེལ་རྒྱུའི་གྲོས་འགོ་བཏོན་ནས་པར་ཙིར་དམངས་ཚོགས་ཀྱིས་དུག་སྦྲང་རྩ་མེད་གཏོང་རྒྱུར་མཐོང་ཆེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲའེ་ཁའི་ནད་དུག་གང་སར་མཆེད་རྒྱུ་ཚོད་འཛིན་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
         ད་ཐེངས་ཀྱི་དུག་སྦྲང་རྩ་མེད་གཏོང་བའི་བྱ་སྤྱོད་ནང་པར་ཙིར་གྱི་དམག་མི་ཁྲི་22དང་། རིམས་འགོག་མི་སྣ་ཁྲི་4.6 སྡེ་ཁུལ་གྱི་འཕྲོད་བསྟེན་ལས་དོན་པ་ཁྲི་26.6བཅས་ཞུགས་པ་དང་དེའི་དམིགས་ཡུལ་གཙོ་བོ་ནི་ཁྱིམ་དུད་ཁྲི་30ལ་གྲལ་བཤེར་བྱ་རྒྱུ་དེ་ཡིན།
         ལུའོ་སའེ་ཕུས་དུག་སྦྲང་ནི་ཀྲའེ་ཁའི་ནད་དུག་ཁྱབ་བྱེད་གཙོ་བོ་དེ་ཡིན་པར་བརྟེན་སྡོད་གནས་སུ་ཡོད་པའི་དུག་སྦྲང་རྩ་མེད་བཟོ་རྒྱུ་དེ་འགག་རྩ་ཡིན་པས་དེས་ཀྲའེ་ཁའི་ནད་དུག་མཆེད་པའི་ཐབས་ལམ་མེད་པ་བཟོ་རྒྱུར་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས་ད་དུང་པར་ཙིར་གྱིས་ཨོ་རྩལ་འགྲན་ཚོགས་མ་འཚོགས་གོང་དུག་སྦྲང་རྩ་མེད་བཟོ་བའི་བྱ་སྤྱོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྲིད་པའི་ཡིད་ཆེས་ཡོད་ལ་ཀྲའེ་ཁའི་རིམས་ནད་ཀྱིས་ལི་གཡོད་དུ་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུར་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།