འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཡོན་ཚོགས་པ་དེ་ཀེ་རི་སེའི་གྲུ་ཁ་ཆེ་ཤོས་ཀྱི་མ་འཇོག་བྱེད་མཁན་དང་པོར་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་17ཉིན་ཀེ་རི་སེའི་གཞུང་ཁོངས་མ་དངུལ་སྒེར་དབང་ཅན་ལ་སྐུལ་སྤེལ་གྱི་འགན་འཁུར་མཁན་ཀེ་རི་སེའི་སྒེར་དབང་ཅན་གྱི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོའི་ཀྲུང་ཡོན་ཚོགས་པ་དེ་ཉིད་རྒྱལ་ཁབ་དེ་གའི་གྲུ་ཆ་ཆེ་ཤོས་ཀྱི་སྒེར་དབང་ཅན་རྣམ་གྲངས་ཀྱི“མ་འཇོག་བྱེད་མཁན་དང་པོར”དངོས་སུ་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
         ཀེ་རི་སེའི་སྒེར་དབང་ཅན་གྱི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་ཤིག་ནང་ཀྲུང་ཡོན་ཚོགས་པར་འོས་དཔོད་ཀྱི་གོ་རིམ་གཞིར་བཟུང་པི་ལེ་ཨེ་ཕུའུ་སི་གྲུ་ཁ་ལས་དོན་ཅུས་ཀྱི་67%གྱི་མ་རྐང་ཐོབ་ཡོད། དེ་གོང་སྒེར་དབང་ཅན་གྱི་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་ཡོན་ཚོགས་པས་ཡོ་སྒོར་དུང་ཕྱུར་3.685ཡི་ཐོག་ནས་པི་ལེ་ཨེ་ཕུའུ་སི་གྲུ་ཁ་ལས་དོན་ཅུས་ཀྱི་རྐང་དབང་མང་ཆེ་བ་ཉོ་རྒྱུ་དང་ལེན་བྱས་ཡོད་ཅེས་འཁོད་ཡོད།
         གསལ་བསྒྲགས་ནང་འབྲེལ་ཡོད་ཡིག་ཆ་དེ་དག་ཀེ་རི་སེའི་རྩིས་བཤེར་ཁྲིམས་ཁང་ལ་ཕུལ་བ་དང་ཆོག་མཆན་ཐོབ་རྗེས་ཕྱོགས་གཉིས་ཀྱིས་གན་རྒྱར་མིང་རྟགས་འགོད་རྒྱུ་རེད། ཉོ་ཚོང་དེ་ད་དུང་སྒྲིག་གཞི་གཞན་དག་གི་ཆོག་མཆན་ཐོབ་དགོས་པ་དང་སྔོན་དཔག་ལྟར་ན་བརྒྱུད་རིམ་ཧྲིལ་པོ་འདི་ལོའི་ཟླ་5པར་ལེགས་གྲུབ་ཟིན་རྒྱུ་རེད་ཅེས་འཁོད་ཡོད།
         ཀེ་རི་སེའི་དཔལ་འབྱོར་དང་བཟོ་ལས་ཞིབ་འཇུག་ཐེབས་རྩ་ཚོགས་པ་སོགས་ཀྱི་ཞིབ་འཇུག་སྒྲིག་གཞིས་ཕུགས་ནས་བལྟས་ཚེ་ཀྲུང་ཡོན་ཚོགས་པས་པི་ལེ་ཨེ་ཕུའུ་སི་གྲུ་ཁའི་འཕེལ་རྒྱས་འཆར་འགོད་ཐད་ཀྱིས་ལོ་ལྟར་ཀེ་རི་སེའི་དཔལ་འབྱོར་ཐད་ཨ་སྒོར་དུང་ཕྱུར་51ལེགས་སྐྱེས་འབུལ་རྒྱུ་དང་སྦྲགས་2052ལོའི་གན་རྒྱའི་དུས་ཚད་མ་ཐིམ་གོང་ལས་གནས་ཁྲི་12.5གཏོད་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།