འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་ཅིའུ་ཅིན་ཧྲན་ནས་ཤིས་ཨན་བར་གྱི་དུས་གཏན་
    གནམ་གྲུ་ཤར་བགྲོད་ཐུབ་རྒྱུའི་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་16ཉིན་ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་འདི་ལོའི་ཟླ་ལྔ་པར་ཨ་རིའི་ནུབ་མཚོ་འགྲམ་གྱི་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཀྲུང་གོའི་ནུབ་ཕྱོགས་ཀྱི་གྲོང་ཁྱེར་ཤིས་ཨན་བར་གྱི་དུས་ཚིགས་རང་བཞིན་གྱི་དུས་གཏན་གནམ་གྲུ་ཤར་བགྲོད་ཐུབ་པ་བྱ་རྒྱུ་དེ་ནི་ཤིས་ཨན་གྱི་ཞི་བདེ་རྒྱ་མཚོ་སྒྲོལ་བའི་མཁའ་ལམ་ཨང་དང་པོར་འགྱུར་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
         ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། ཤིས་ཨན་ནས་ཅིའུ་ཅིན་ཧྲན་བར་གྱི་དུས་གཏན་གནམ་གྲུ་དེ་འདི་ལོའི་ཟླ་5ཚེས་8ཉིན་ནས་ཟླ་10ཚེས་27ཉིན་བར་ཤར་བགྲོད་ཐུབ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།