འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་མང་ཚོགས་ཀྱི་འཁྲིས་སུ་ཐོན་པའི“སྤྱོད་ཚུལ་བཞི”དང་རུལ་སུངས་
    ཀྱི་གནད་དོན་125བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་18ཉིན། ཀྲུང་དབྱང་སྒྲིག་ཨུད་ལྟ་ཞིབ་པུའི་དྲ་ཚིགས་ཀྱི་《མང་ཚོགས་ཀྱི་འཁྲིས་སུ་ཐོན་པའི“སྤྱོད་ཚུལ་བཞི”དང་རུལ་སུངས་ཀྱི་གནད་དོན་ལྟ་ཞིབ་ཐེར་འདོན་ཆེད་ཁུལ་》ཐོག་མང་ཚོགས་ཀྱི་འཁྲིས་སུ་ཐོན་པའི“སྤྱོད་ཚུལ་བཞི”དང་རུལ་སུངས་ཀྱི་གནད་དོན་125བརྡ་ཁྱབ་བཏང་བ་རེད། ན་ནིང་ཟླ་7པ་ནས་བཟུང་། དྲ་ཚིགས་དེས་ཟླ་རེར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་མང་ཚོགས་འཁྲིས་སུ་ཐོན་པའི“སྤྱོད་ཚུལ་བཞི”དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ཐོག་མིང་བཏོན་ནས་ཐེར་འདོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད།
         བརྡ་ཁྱབ་བཏང་བའི་གྱོད་གཞི་དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་30ནས་ཐོན་པ་དེའི་ནང་ནང་སོག་ནས་གྱོད་གཞི་174བརྡ་ཁྱབ་བཏང་བ་དེ་ཨང་དང་པོར་སླེབས་པ་དང་། ཀོང་ཤིས་ནས་གྱོད་གཞི་13བརྡ་ཁྱབ་བཏང་བ་དེ་ཨང་གཉིས་པར་སླེབས་པ། ཧོ་པེ་ནས་གྱོད་གཞི་10བརྡ་ཁྱབ་བཏང་བ་དེ་ཨང་གསུམ་པར་སླེབས་ཡོད་པ་རེད། བརྡ་ཁྱབ་བཏང་བའི་གྱོད་གཞིའི་ཁྲོད“མ་མཐའི་འཚོ་བའི་དངུལ་མི་བདེན་རྫུན་བཟོ་བྱས་ནས་གཡོ་ལེན་བྱས་པ”དང། “ཆེད་སྤྱོད་མ་དངུལ་དང་རྒུད་སྐྱོབ་དངུལ་ཧམ་ཟ་བྱས་པ” “རྒྱལ་ཁབ་ཀྱི་ཁ་གསབ་དངུལ་གཡོ་ལེན་བྱས་པ” “རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་རྫུན་ཞུ་ཧམ་ལེན་བྱས་པ”“ཉེན་ཁང་སྒྱུར་བཀོད་ཀྱི་ཁ་གསབ་དངུལ་གཡོ་ལེན་བྱས་པ”སོགས་ཡང་ནས་ཡང་དུ་ཐོན་པ་དང་། རྒྱལ་ཁབ་ཀྱི་མ་དངུལ་ལྐོག་ཏུ་བླངས་པ་དང་། རྒྱལ་ཁབ་ཀྱི་མ་དངུལ་སྒེར་སྤྱོད་བྱས་པ། གོ་གནས་ལ་བརྟེན་ནས་བཙན་བཟུང་བྱས་པ་སོགས་ཀྱི་གྱོད་གཞི་ཁྱོན་66ཡོད་པ་དེས་བརྡ་ཁྱབ་བཏང་བའི་བསྡོམས་འབོར་གྱི་ཕྱེད་ཀ་ལས་བརྒལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།