འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཕན་ཅི་ཝུན་གྱིས་ཟླ་4ཚེས་22ཉིན་《ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་གྲོས་མཐུན་》
    ལ་དངོས་སུ་མིང་རྟགས་འགོད་རྒྱུ་ཡིན་ཞེས་ཁྱབ་བསྒྲཌ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་17ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཟླ་4ཚེས་22ཉིན་《ཕ་རི་སིའི་གནམ་གཤིས་འགྱུར་ལྡོག་གྲོས་མཐུན་》ལ་མཐོ་རིམ་འགོ་ཁྲིད་མི་སྣའི་མིང་རྟགས་འགོད་པའི་མཛད་སྒོ་འཚོག་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། ཁོང་གིས་སྐབས་དེར་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣས་ལྷན་དུ་བྱེད་སྒོ་གཟབ་རྒྱས་དེར་ཞུགས་ནས་མིང་རྟགས་འགོད་རྒྱུ་མ་ཟད་གྲོས་མཐུན་ལ་གང་མགྱོགས་ཆོག་མཆན་ཐོབ་པ་དང་། ནུས་པ་ཐོན་པ། ལག་ལེན་བསྟར་བ་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་འབོད་སྐུལ་བྱས་པ་རེད།
         《ཕ་རི་སིའི་གྲོས་མཐུན་》གཞིར་བཟུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་གྲོས་མཐུན་ཉར་ཚགས་བྱ་རྒྱུ་དང་འབྲེལ་འདི་ལོའི་ཟླ་4ཚེས་22ཉིན་ནས་2017ལོའི་ཟླ་4ཚེས་21ཉིན་རིང་གྲོས་མཐུན་དེ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་རྒྱལ་ཁབ་ཁག་གིས་མིང་རྟགས་འགོད་རྒྱུར་སྒོ་འབྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།