འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་སི་ཁྲོན་རྔ་པ་ཀྲོའུ་ཡི་གྲོང་རྡལ་ཡུལ་མི་མི་རེར་ཆ་སྙོམས་ཡོང་འབབ་8%འཕར་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་་2015ལོའི་རྔ་པ་ཀྲོའུ་དཔལ་འབྱོར་དུས་བབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། 2015ལོར་རྔ་པ་ཀྲོའུ་རུ་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་(GDP)སྒོར་དུང་ཕྱུར་265.04ཟིན་པ་དང་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས་7.9%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1གིས་མཐོ་བ་དང་ཞིང་ཆེན་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཚུངས་ཡོད་པ་རེད།
         གླེང་རིན་ཡོད་པ་ཞིག་ནི་ཀྲོའུ་དེ་ཡོངས་ཀྱི་ཡུལ་མིའི་འཛད་སྤྱོད་རིན་གོང་གི་སྤྱིའི་ཆུ་ཚད་(CPI)ན་ནིང་ལས་1%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་0.4དམའ་བ་དང་ཞིང་ཆེན་དེ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་0.5དམའ་བ་ཡོད་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགོད་པས་དོ་སྣང་བྱུང་དོན། 2015ལོའི་ཀྲོའུ་དེ་ཡོངས་ཀྱི་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%འཕར་བ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13.1%འཕར་ནས་དཔལ་འབྱོར་འཁོར་སྐྱོད་བྱེད་རིང་གི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ཁྱིམ་ཚང་གི་གཉེར་སྐྱོང་ཡོང་འབབ་འཕར་ཚད་ཀྱང་མགྱོགས་སུ་འགྲོ་བཞིན་ཡོད། གྲོང་གསེབ་ཀྱི་ངོས་ནས་བརྗོད་ན། ཞིང་ལས་ཐོན་རྫས་ཀྱི་རིན་གོང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་ལྷག་པར་དུ་ཕག་པའི་རིན་གོང་དུས་ཚིགས་གཉིས་པ་ནས་བཟུང་ཟམ་མི་ཆད་པར་འཕར་ཁར་འབྲོག་ལས་ཡོང་འབབ་ཀྱང་མང་དུ་སོང་བས་གྲོང་གསེབ་ཀྱི་ཡུལ་མིའི་ཁྱིམ་ཚང་གི་གཉེར་སྐྱོང་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་པ་རེད། གྲོང་ཁྱེར་གྱི་ངོས་ནས་བརྗོད་ན་ད་ལྟ་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཁེ་ལས་ལ་གནོན་ཤུགས་ཧ་ཅང་ཆེན་པོ་འཕྲད་དེ་ཁྱིམ་ཚང་གི་གཉེར་སྐྱོང་ཁྲོམ་རའི་ཁོར་ཡུག་ཞན་ཙམ་ཡིན་ཡང་སྲིད་གཞུང་གིས་ཁེ་ལས་དེ་རིགས་ཀྱི་ཐོག་མའི་དཔྱ་ཁྲལ་བསྡུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད་པ་རེད། ཡུལ་མིའི་ཡོང་འབབ་འཕར་མགྱོགས་ཙམ་གྱི་རྒྱུ་རྐྱེན་ལ་སྐུལ་མ་གཏོང་བར་གྲུབ་ཆའི་རང་བཞིན་གྱི་རྒྱུ་རྐྱེན་ཡོད་ལ་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པའི་རྒྱུ་རྐྱེན་ཡང་ཡོད་ཁར་དེ་བས་གལ་འགངས་ཆེ་བ་ཞིག་ནི་ད་དུང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པའི་སྐུལ་འདེད་ཀྱི་ནུས་པའང་ཡོད་པ་དེ་ནི་ནུས་པ་མང་པོའི་ཐུན་མོང་གི་འབྲས་བུ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།