འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་མངའ་ཁོངས་ཕྱིའི་འཛིན་བཟུང་ལས་དོན་ཅུས་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མངའ་ཁོངས་ཕྱིའི་བྲོས་འདེད་དངུལ་འདེད་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ཀྲུང་དབྱང་གིས་གཏན་འབེབས་དང་བཀོད་སྒྲིག་བྱས་པ་གཞིར་བཟུང་སྤྱི་བདེ་པུས“མངའ་ཁོངས་ཕྱིའི་འཛིན་བཟུང་ལས་དོན་ཅུས”དངོས་སུ་བཙུགས་པ་རེད། སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས་ད་རེས་ཀྱི་སྐབས་དང་བསྟུན་ཏེ“ཝ་རྔོན་2016”གི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་ནས་མངའ་ཁོངས་ཕྱིའི་བྲོས་འདེད་དངུལ་འདེད་ལས་དོན་རྒྱུན་རྣམ་ཅན་དང་། ཆེད་ལས་ཅན། ཞིབ་ཚགས་ཅན་བཅས་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་། མངའ་ཁོངས་ཕྱིའི་འཛིན་བཟུང་གྲུབ་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། བྲོས་བྱོལ་སྔོན་འགོག་ཚོད་འཛིན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི“ཟངས་གྱང་ལྕགས་རྩིག”སྔར་བས་བརྟན་དུ་གཏོང་རྒྱུ་བཅས་ཡིན་ཞེས་བཤད་པ་རེད།
         2015ལོའི་ཟླ་བཞི་པ་ནས་ཟླ་བཅུ་གཉིས་པའི་ཟླ་མཇུག་བར་དུ་ཀྲུང་དབྱང་གི་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་སྤྱི་འདོམས་དང་མཐུན་སྦྱོར་འོག་སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་བྱས་ཏེ“ཝ་རྔོན་2015”ཡི་ཆེད་དོན་བྱ་སྤྱོད་སྤེལ་ནས་མངའ་ཁོངས་ཕྱི་རུ་ལས་དོན་ཚོགས་ཆུང་50ལྷག་ཙམ་བཏང་ཡོད། མངའ་ཁོངས་ཕྱིའི་ཁྲིམས་འཛིན་སྒྲིག་གཞི་དང་ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་གི་གཞོགས་འདེགས་དམ་ཟབ་འོག་རྒྱལ་ཁབ་དང་ས་ཁུལ་66ནས་མངའ་ཁོངས་ཕྱི་རུ་བྲོས་བྱོལ་དུ་སོང་བའི་མི་857གྲུབ་འབྲས་ཐོབ་པའི་སྒོ་ནས་འཛིན་བཟུང་ཐུབ་པ་དང་འཛིན་བཟུང་ཐུབ་གྲངས་མང་ཤོས་ཡིན་ཞིང་། དེའི་ནང་མི་477འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར་བ་དང་། མི་366གིས་རང་ཉེས་རང་ཞུ་བྱས་པ། མི་14བདའ་འདེད་བཏང་ནས་ཁྲིམས་ལ་སྦྱར་ཡོད་པ་རེད། འཛིན་བཟུང་ཐུབ་པའི་ཉེས་ཅན་བྲོས་བྱོལ་པའི་གྱོད་འབྲེལ་དངུལ་འབོར་ལ་གཞིགས་ན། སྒོར་ཁྲི་སྟོང་ཡན་ཟིན་པ་212ཡོད་ཅིང་། དེའི་ནང་སྒོར་དུང་ཕྱུར་ཡན་ཟིན་པ་58ཡོད་པ་རེད།
         བྱ་སྤྱོད་སྤེལ་རིང་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཁྲིམས་འཛིན་མཉམ་ལས་ཐབས་ལམ་རྒྱ་ཆེར་བཏང་བ་དང་ཕྱི་རྒྱལ་གྱི་བྲོས་བྱོལ་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་བ་བརྒྱུད། ཨ་རི་ནས་རང་རྒྱལ་ནས་མངའ་ཁོངས་ཕྱི་རུ་བྲོས་བྱོལ་དུ་སོང་བའི་མི་2ཕྱིར་སྐྱེལ་བྱས་པ་དང་དབྱི་ཐ་ལི་དང་། ཀེ་རི་སེ། པུར་ཀ་རི་ཡ། སི་ཕེན། ཧང་ག་རི་བཅས་ནས་ཉེས་གསོག་དོགས་ཅན་6འཛིན་སྐྱེལ་རྩིས་སྤྲོད་བྱས་པ་དང་། ཡིབ་ནས་བསྡད་པའི་ཉེས་ཅན་བྲོས་བྱོལ་མི་གྲངས་ཅུང་མང་བ་དང་འཛིན་བཟུང་ཅུང་བྱེད་དཀའ་བའི་རྒྱལ་ཁབ་དང་ས་ཁུལ་ལ་ཆ་མཚོན་ན། སྤྱི་བདེ་པུས་བཏང་བའི་ཆེད་དམིགས་ལས་དོན་ཚོགས་ཆུང་དག་གིས་ཉེས་ཅན་བྲོས་བྱོལ་པ་ཡིབ་ནས་སྡོད་སའི་རྒྱལ་ཁབ་ཀྱི་ཁྲིམས་འཛིན་སྡེ་ཚན་དང་མཉམ་ལས་བྱས་ཏེ་གཅིག་སྡུད་ཐོག་འཛིན་བཟུང་བྱ་སྤྱོད་སྤེལ་ཞིང་། བྱ་སྤྱོད་སྤེལ་བའི་རིང་ཐེ་ལན་དང་། ཧྥི་ལི་ཕིན། མ་ལེ་ཞི་ཡ། ཧིན་རྡུ་ཉི་ཞི་ཡ། ཁམ་ཕུ་ཁྲེ་སོགས་ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་ཁག་ནས་བྲོས་བྱོལ་ཉེས་ཅན་283འཛིན་བཟུང་བྱས་པ་དེས་འཛིན་བཟུང་ཐུབ་པའི་མི་གྲངས་བསྡོམས་འབོར་གྱི་33%བཟུང་བ། གཞན་ཡང་གཞི་གྲངས་བསྡུ་སྒྲིལ་དང་ཆ་འཕྲིན་ཅན་གྱི་བྲོས་སྙེག་ལས་དོན་སྤེལ་བ་བརྒྱུད་རྒྱལ་ཡོངས་ནས“ཐོབ་ཐང་དཀར་བཟོ”ཡི་མངའ་ཁོངས་ཕྱི་རུ་བྲོས་བྱོལ་སོང་བའི་མི་114གྲུབ་འབྲས་ཐོབ་པའི་སྒོ་ནས་འཛིན་ཐུབ་པ་དང་། མངའ་ཁོངས་ཕྱི་ནང་དུ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་བྱུང་བ། མངའ་ཁོངས་ཕྱིའི་བྲོས་འདེད་དངུལ་འདེད་ལས་དོན་ཁུག་ཀྱོག་མི་ལུས་པའི་ཐོག་ནས་སྤེལ་ཐུབ་པའི་འགན་ལེན་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།