འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་29ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ།
         བོད་ལྗོངས་འདི་ཉིད་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཁུལ་དུ་གནས་པས། གྲང་ངར་ཆེ་ལ་གསོ་རླུང་དཀོན་པའི་དབང་གིས་སྐབས་ཤིག་རིང་བོད་ལྗོངས་ནི་འཛམ་གླིང་ཐོག་གི་མིའི་རིགས་འཚོ་སྡོད་བྱ་རྒྱུར་མི་འཕྲོད་པའི་ས་ཁོངས་ཤིག་ཡིན་པའི་ངོས་འཛིན་བྱས་མོད། འོན་ཏེ་འཚོ་བའི་ཆུ་ཚད་མཐོ་རུ་དང་སྨན་བཅོས་ཆ་རྐྱེན་ལེགས་སུ་ཕྱིན་ནས་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཞིང་། གཞི་གྲངས་ཐོག་ནས་མངོན་པར། བོད་ལྗོངས་རྙིང་པར་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ཡིན་པ་དང་ཕྲུ་གུ་དམར་འབྱར་ཤི་ཚད་43‰ཟིན་རུང་ད་ཆ་བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་ལོ་68བར་མཐོ་རུ་སོང་བ་དང་ཕྲུ་གུ་དམར་འབྱར་ཤི་ཚད་1.23‰བར་ཆག་ཡོད། གཞན་ཡང་ལོ་བརྒྱ་ལ་སླེབས་པའི་རྒན་རྒོན་116ཡོད་པས་བོད་ལྗོངས་འདི་ཉིད་ཀྲུང་གོའི་ལོ་བརྒྱ་ལ་སླེབས་པའི་རྒན་རྒོན་མང་ཤོས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་སུ་གྱུར་ཡོད། འདི་ནི་སྐྱིད་གྲོང་རྫོང་ས་ལེ་ཤང་ས་ལེ་གྲོང་ཚོའི་རང་ལོ་བདུན་ཅུ་ལྷག་ཙམ་གྱི་རྒན་རྒོན་འགའ་ཞིག་གིས་ཕན་ཚུན་ཅི་འཕྲོས་མོལ་འཕྲོས་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།