འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་གྱིས་ལོ་14ཡི་རིན་མེད་སློབ་གསོ་སྔོན་ལ་ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “མི་རིགས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད། བདེ་ཆེན་དང་ནུའུ་ཅང་གིས་ལོ་14ཡི་རིན་མེད་སློབ་གསོ་སྔོན་ལ་ལག་བསྟར་བྱ་རྒྱུ་རེད”ཅེས་ཉེ་དུས་ཡུན་ནན་ཞིང་ཆེན་གྱི་ཧྲེང་ཀྲང་ཁྲེན་ཧའོ་ཡིས་ཞིང་ཆེན་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འགོ་འཛུགས་ཚོགས་འདུའི་ཐོག་《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》གནང་སྐབས་བཤད་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱས་གསལ། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན་》ནང“མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་མི་རིགས་རིག་གནས་དར་སྤེལ་དང་འཕེལ་རྒྱས་གཏོང་རྒྱུ”ནི་2016ལོར་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་པའི་ལས་དོན་ཆེ་གྲས་དགུའི་གྲས་ཤིག་ཡིན་པ་རེད།
         ཁྲེན་ཧའོ་ཡིས་མི་རིགས་དབུལ་ཕོངས་ས་ཁུལ་དང་གྲོང་གསེབ་ཏུ་བུ་བཅོལ་ཁང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཏེ་མི་རིགས་སློབ་གྲྭ་དང་མི་རིགས་འཛིན་གྲྭའི་སློབ་མའི་ཆ་སྙོམས་སྤྱི་པའི་འགྲོ་གྲོན་དང་དཀའ་ངལ་ཡོད་པའི་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་བདེ་ཆེན་དང་ནུའུ་ཅང་དུ་ལོ་14ཡི་རིན་མེད་སློབ་གསོ་སྔོན་ལ་ལག་བསྟར་བྱ་རྒྱུ་རེད། གཞན་ཡང་མི་རིགས་རིག་གནས་ཀྱི“བརྒྱ་གཉིས”འདུ་འགོད་ལག་བསྟར་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཀྱི་གྲངས་གཞིའི་མཛོད་འཛུགས་མགྱོགས་སུ་གཏོང་བ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་འཛམ་གླིང་རིག་གནས་ཤུལ་བཞག་རེ་ཞུ་ཧུར་ཐག་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལོ་རྒྱུས་རིག་གནས་ལྡན་པའི་གྲགས་ཅན་གྱི་གྲོང་ཁྱེར་དང་། གྲོང་རྡལ། གྲོང་ཚོ། ཁྲོམ་གཞུང་བཅས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་མིང་སྲུང་སྐྱོབ་འཆར་གཞི་ལག་བསྟར་བྱེད་པ། མི་རིགས་དམངས་སྲོལ་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ་དང་། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྟེན་གཞི། འགྲེམས་སྟོན་ལྟེ་གནས་དང་གོམས་སྲོལ་དར་སྤེལ་གཏོང་ཡུལ་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། གྲངས་ཉུང་མི་རིགས་ཀྱི་བསྟན་བཅོས་ལེགས་སྒྲིག་དང་ཡིག་སྒྱུར་པར་སྐྲུན་གྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བཤད་པ་རེད།
         གོང་གསལ་གྱི་བྱ་ཐབས་ཁག་སྤྱད་དེ་མི་རིགས་ས་ཁུལ་གྱི་སློབ་གསོ་དང་རིག་གནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་ཕུད། 2016ལོར་ད་དུང་མཐའ་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར་མུ་མཐུད་དམ་འཛིན་བྱས་ཏེ་མཐའ་མཚམས་ཁུལ་གྱི་སྒྲིག་གཞི་ཚང་བའི་གྲོང་ཚོའི་མང་ཚོགས་ཀྱི་ས་སྲུང་མཐའ་བརྟན་གྱི་ཆེད་དོན་ཁ་གསབ་ཚད་གཞི་རིམ་བཞིན་མཐོ་རུ་བཏང་སྟེ་ཤིས་མོང་དང་མོང་ལན་སོགས་མཐའ་མཚམས་མི་རིགས་དབུལ་ཕོངས་ས་ཁུལ་དང་གྲོང་གསེབ་ཀྱི་བདེ་སྡོད་ལས་གྲྭ་ལེགས་སྒྲུབ་བྱ་རྒྱུ་རེད། ནུའུ་ཅང་ཀྲོའུ་ཡི་དབུལ་སྒྲོལ་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་དབུལ་ཕོངས་མི་རིགས་ཤང་དང་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་མི་འབོར་ཅུང་ཉུང་བའི་མི་རིགས་དང་མི་རིགས་འདུས་སྡོད་ཁུལ་གྱི་མི་རིགས་ཧྲིལ་པོ་དང་གྲོང་ཚོ་ཧྲིལ་པོར་གཙོ་གནད་ཐོག་སྐུལ་འདེད་གཏོང་མགྱོགས་སུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།