འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་མཐོ་ཤོས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་བོད་ཀྱི་མིའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་68.2ལ་སླེབས་ཡོད་པ་དེ་ལོ་50ཡི་གོང་གི་ལོ་35.5ལས་ལྡབ་གཅིག་ཙམ་འཕར་ནས་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། བོད་དུ་མིག་སྔར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་འགན་བཅོལ་ནང་ཞུགས་ཚད་100%ཟིན་པ་དང་། སྤྱི་ཚོགས་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒན་རྒོན་གྱི་བྱེད་སྒོ་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་རྒན་གསོ་ཁང་། རྒན་རྒོན་གྱི་གཡོག་བྱེད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་པས་རྒན་རྒོན་ཚོགས་སྤྱིའི་གཞི་རྩའི་འཚོ་བར་འགན་ལེན་ནུས་ལྡན་ཐུབ་ཡོད།
         “ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་70%ཡན་གྱི་ནོར་ཤུགས་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། མིག་སྔར་ལྷ་ས་ལྟེ་བར་བྱས་པའི་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་དྲ་བ་ཐོག་མར་བཙུགས་ཐུབ་པ་དང་། “ཤང་དང་གྲོང་ཚོར་འཕྲོད་བསྟེན་ཁང་ཡོད་པ”དང་། སྨན་བཅོས་རོགས་སྐྱོབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ཕྱོགས་ཡོངས་ལ་ཁྱབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ཕྱོགས་ཡོངས་ལ་ཁྱབ་པ་བཅས་སྤྱིར་མངོན་འགྱུར་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།