འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་11གཟི་བརྗིད་ལྡན་པའི་ངང“ཀྲུང་གོའི་མི་བཟང་མིང་ཐོར”ཚུད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་1ཚེས་25ཉིན། གསར་འགོད་པས་བོད་ལྗོངས་ཤེས་དཔལ་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོར་བོད་ཀྱིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། བརྗོད་བྱ་གཙོ་བོ་དར་སྤེལ་གཏོང་བ་དང་། དྲང་ནུས་གཅིག་སྡུད་བྱེད་པ། དར་སྲོལ་གསར་པ་གཏོད་པ་བཅས་བྱས་པས་ལས་དོན་ཁག་ལ་འཕེལ་རིམ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་ལ། 2015ལོར་ལྷག་པ་སྒྲོལ་མ་དང་གཉེན་འཛིན་སོགས་མི་11གཟི་བརྗིད་ལྡན་པའི་ངང“ཀྲུང་གོའི་མི་བཟང་མིང་ཐོར”ཚུད་ནས་ཤེས་དཔལ་སྲོལ་བཟང་གི་སྤུས་རྟགས་ཤིག་ཏུ་གྱུར་ཡོད།
          སྔོན་ཐོན་དཔེ་མཚོན་ལ་བརྟེན་ནས་དྲང་ནུས་གཅིག་ཏུ་བསྡུས་ཤིང་། ཆབ་མདོ་གྲོང་ཁྱེར་ཚྭ་ཁ་ལྷོ་སློབ་འབྲིང་གི་སློབ་སྤྱི་དགའ་བློ་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བར་བདམས་པ་དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱི་ཅུས་ཀྲང་ལི་ཤིན་ཡུས་སོགས་མི་9སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཐོབ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཀུན་སྤྱོད་ལ་བརྩི་མཐོང་དང་གཤིས་བཟང་དར་སྤེལ་གཏོང་རྒྱུར་སྐུལ་ལྕག་ཐེབས་ཡོད། ལོ་ཧྲིལ་པོར་ཀུན་སྤྱོད་དཔེ་བཟང་བ་དང་། སེམས་འགུལ་ཐེབས་པའི་མི་སྣ། མི་སྣ་ཡག་ཤོས་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དྲང་ནུས་བརྒྱུད་སྤྲོད་བྱས་ཡོད།
         ལྟེ་བའི་རིན་ཐང་ལྟ་བ་མི་སེམས་ལ་ཟུག་པ་བྱས་ཤིང་། 2015ལོར་བོད་ཀྱིས“ཤེས་དཔལ་སྲོལ་གཏོད་ལ་སྣང་ཆེན་བྱེད་པའི”རིམ་སྟར་འགུལ་བརྙན་དང་། ངོས་མཉམ་སྤྱི་ཕན་བརྡ་ཁྱབ། བརྙན་འཕྲིན་དྲིལ་བསྒྲགས་པར་གཞི་བཅས་ཇུས་འགོད་བྱས་ནས་བཟོས་པ་དང་། ཚགས་པར་དང་། བརྙན་འཕྲིན། དྲ་རྒྱ ཕྱི་རོལ་གྱི་བརྡ་ཁྱབ་བྱང་བུ་སོགས་སྨྱན་སྦྱོར་གང་ལེགས་སྤྱད་དེ་དྲིལ་བསྒྲགས་བྱས་པས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་ལ་ཟུག་ཡོད། ཤེས་དཔལ་ལྡན་པའི་གྲོང་ཚོ་དང་གྲོང་རྡལ་དང་། ཤེས་དཔལ་ལྡན་པའི་རྫོང་གྲོང་། ཤེས་དཔལ་ལྡན་པའི་ཚན་པ། ཤེས་དཔལ་ལྡན་པའི་སྡེ་ཁུལ། ཤེས་དཔལ་ལྡན་པའི་དུད་ཚང་བཅས་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཤེས་དཔལ་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།
         གཞོན་ནུ་ལོ་ཆུང་གི་ལག་ལེན་བྱེད་སྒོ་མུ་མཐུད་སྤེལ་ཞིང་། གཞོན་ནུ་ལོ་ཆུང་ཚོགས་སྤྱིར་དམིགས་ནས“རྒྱལ་དར་ལ་གུས་འདུས་ཞུ་བ”དང“དྲ་རྒྱའི་ཐོག་ནས་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པ”“སྐལ་བཟང་མེ་ཏོག་བུམ་པ། ཀུན་སྤྱོད་ལེགས་པའི་ན་གཞོན”སོགས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་བའི་ནང་སློབ་གྲྭ་འབྲིང་ཆུང་གི་སློབ་མ་མི་ཐེངས་ཁྲི་10ལྷག་ཙམ་ཞུགས་ཡོད། 2015ལོར་བོད་ཀྱིས་གྲོང་གསེབ་ཀྱི་སློབ་གྲྭའི་ལོ་ཆུང་བྱིས་པའི་ཕོ་བྲང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བའི་ཁར། གྲོང་གསེབ་ཀྱི་སློབ་གྲྭ་81གི་ལོ་ཆུང་བྱིས་པའི་ཕོ་བྲང་གི་མིང་ཐོ་གཏན་འཁེལ་བྱས་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་དེ་བས་ལེགས་པའི་བྱེད་སྒོ་སྤེལ་ཡུལ་དང་སློབ་གསོའི་སྟེགས་བུ་མཁོ་འདོན་བྱས་ཡོད།
         དང་བླངས་ཞབས་ཞུའི་བྱེད་སྒོ་ཆུང་ཆུང་ནས་གཅེས་སེམས་ཆེན་པོ་བརྒྱུད་སྤྲོད་བྱས་ཤིང་། “ལྷ་ཀླུ་འདམ་རར་སྲུང་སྐྱོང་བྱེད་པ”དང“ཇོ་རིའི་རང་བྱུང་སྲུང་སྐྱོང་ཁུལ་སྲུང་སྐྱོང་བྱེད་པ”“མཚོ་བོད་ལྕགས་ལམ་སྲུང་སྐྱོང་བྱེད་པ”སོགས་རི་ཀླུང་དང་ཆུ་བོར་དགའ་གཅེས་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོའི་གཙོ་གནད་རྣམ་གྲངས་མུ་མཐུད་ལག་བསྟར་བྱས་པའི་ཁར། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་དང་། སློབ་སྐྱོར་ཞལ་འདེབས། ཤེས་དཔལ་ལྡན་པའི་འགྲིམ་འགྲུལ་སོགས་དང་བླངས་བྱེད་སྒོ་སྣ་ཚོགས་སྤེལ་བར་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།