འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིན་36བསྟུད་མར་རོགས་སྐྱོབ་བྱས་པ་བརྒྱུད་ཧྲན་ཏུང་ཕིང་དབྱིའི་གཏེར་འདོན་བཟོ་
    པ་4བདེ་བླག་ངང་གཏེར་ཁྲོན་ནས་བསྐྱབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་01ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་36རྒྱུན་མི་ཆད་པར་རོགས་སྐྱོབ་བྱས་པ་བརྒྱུད། ཟླ་1ཚེས་29ཉིན་གྱི་ཆུ་ཚོད་22དང་སྐར་མ་49ཡོལ་ཙམ་ལ་ཧྲན་ཏུང་ཞིང་ཆེན་ཕིང་དབྱི་རྫོང་ཅུ་གང་གཏེར་ཁྲོན་ཉིལ་བའི་ལས་འཛོལ་ཁྲོད་གཏེར་ཁྲོན་ནང་ལུས་པའི་གཏེར་འདོན་བཟོ་པ་4གཏིང་ཚད་སྨི་220ཟིན་པའི་གཏེར་ཁྲོན་ནས་བདེ་བླག་ངང་བསྐྱབས་ཤིང་། མིག་སྔའི་བར་གཏེར་ཁྲོན་ནང་ལུས་པའི་གཏེར་འདོན་བཟོ་པ་29ཡི་ཁྲོད་ནས་མི་15བསྐྱབས་པ་དང་། མི་1ཤི་བ། མི་13དང་སྔར་བཞིན་འབྲེལ་བ་བྱུང་མེད་པ་རེད།
         ཚེས་29ཉིན་གྱི་ཆུ་ཚོད་21དང་སྐར་མ་20ཡོལ་ཙམ་ལ་གཏེར་འདོན་བཟོ་པ་ཐོག་མ་དེ་སྲོག་སྐྱོབ་ཡོ་བྱད་སྤྱད་ནས་བདེ་བླག་ངང་གཏེར་ཁྲོན་ནས་བསྐྱབས་པ་དང་གཏེར་ཁྲོན་དུ་ལུས་པའི་དེ་དབྱིངས་ཀྱི་མི་3ཡང་རིམ་བཞིན་གཏེར་ཁྲོན་ནས་བསྐྱབས་ཡོད་པ་རེད།
         ད་ཐེངས་གཏེར་འདོན་བཟོ་པ་4བསྐྱབས་པ་ནི་རྒྱལ་ནང་དུ་ཁྲོན་ཁར་གསོར་ཁུང་འབིགས་པའི་ལག་རྩལ་སྤྱད་དེ་མི་བསྐྱབས་པའི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་དང་འཛམ་གླིང་ཐོག་གི་དཔེ་མཚོན་གསུམ་པ་དེ་རེད། དེ་གོང་ཨ་རི་དང་ཆི་ལིར་མ་གཏོགས་གྲུབ་འབྲས་ཐོབ་པའི་དཔེ་མཚོན་དེ་རིགས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།