འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་བོད་ལ་ཆུ་ཚོད་ཆན་ཝ་དུང་ཕྱུར་7ཟིན་པའི་གློག་ཐོག་མར་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་19ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀན་སུའུ་གློག་དྲ་དང་བོད་ལྗོངས་གློག་དྲས་གློག་ཕྱིར་གཏོང་གི་གྲོས་མཐུན་ཡི་གེར་དངོས་སུ་མིང་རྟགས་བཀོད་དེ་2016ལོར་ཀན་སུའུ་ཡིས་བོད་ལྗོངས་གློག་དྲར་ཆུ་ཚོད་ཆན་ཝ་དུང་ཕྱུར་7ཟིན་པའི་གློག་གཏོང་རྒྱུ་ཡིན་པ་རེད། དེ་ནི་ཀན་སུའུ་ཡིས་བོད་ལ་གློག་གཏོང་ཐེངས་ཐོག་མ་ཡིན་པ་དང་། དེས་ཀན་སུའུ་ནས་བོད་ལ་གློག་གཏོང་བའི་ཐད་ཚད་བརྒལ་གལ་ཆེན་བྱུང་བ་མཚོན་བཞིན་ཡོད།
         རྒྱལ་ཁབ་གློག་དྲ་ཀན་སུའུ་གློག་ཤུགས་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར་བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་38.76ཟིན་པ་དང་འདི་ལོ་ཀན་སུའུ་ཡིས་བོད་ལྗོངས་གློག་དྲར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་7ཟིན་པའི་གློག་གཏོང་རྒྱུ་ཡིན་ཞིང་། དེས་སྔོན་དཔག་ལྟར་ན་བོད་ཀྱི་ལོ་ཧྲིལ་པོའི་གློག་སྤྱོད་ཚད་ཀྱི་18.5%བཟུང་ནས་ཀན་སུའུ་ཡི་གློག་ལྷག་འཕྲོར་ལུས་པའི་གནས་ཚུལ་ཞི་ལྷོད་དུ་འགྲོ་རྒྱུ་མ་ཟད། དགུན་དུས་བོད་དུ་རྡོ་སོལ་དང་སྣུམ་དཀོན་པ་དང་ཆུ་བྲི་བའི་དུས་ཀྱི་གློག་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཡང་ཕན་ཐོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།