འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།སྐུ་འབུམ་བྱམས་པ་གླིང་གི་བོད་ཀྱི་སྒྱུ་རྩལ་མཆོག་གསུམ་ཕ་རི་སི་ནས་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།སྐུ་འབུམ་བྱམས་པ་གླིང་གི་བོད་ཀྱི་སྒྱུ་རྩལ་མཆོག་གསུམ་ཕ་རི་སི་ནས་འགྲེམས་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། "སྐུ་འབུམ་བྱམས་པ་གླིང་གི་བོད་ཀྱི་སྒྱུ་རྩལ་མཆོག་གསུམ་གྱི་འགྲེམས་སྟོན་གཟའ་འཁོར"ཞེས་པ་སྤྱི་ཟླ་1ཚེས་14ཉིན་གྱི་དགོང་མོར་ཧྥ་རན་སེ་རྒྱལ་ཁབ་ཀྱི་རྒྱལ་ས་ཕ་རི་སི་གྲོང་ཁྱེར་གྱི་《ཡོ་རོབ་སྐབས་དོན་ཚགས་པར་》རིག་གནས་ལྟེ་གནས་སུ་སྤེལ་འགོ་བརྩམས་པ་དང་། ཧྥ་རན་སེའི་ཕྱིར་སྡོད་རང་མི་དང་ཀྲུང་གོའི་རིག་གནས་ལ་དགའ་བའི་ཧྥ་རན་སེའི་གྲོགས་པོ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།
         མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་བྱམས་པ་གླིང་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཡིན་ལ། ཀྲུང་གོའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཁག་དང་སྐད་གྲགས་ཅན་གྱི་རིག་གནས་ཤུལ་བཞག་ཀྱང་ཡིན། གཞན་ད་དུང་སྒྱུ་རྩལ་གྱི་གཙུག་ལག་ཁང་ཆེན་པོ་ཞིག་ཀྱང་ཡིན་པ་རེད། མེ་ཏོག་མཆོད་པ་དང་གོས་དྲུབས། ལྡེབས་རིས་གསུམ་ནི་སྐུ་འབུམ་དགོན་གྱི"སྒྱུ་རྩལ་མཆོག་གསུམ"ཞེས་འབོད་པ་དང་། དེ་དག་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་ཡོད་པ་རེད།
    ༄༅།།སྐུ་འབུམ་བྱམས་པ་གླིང་གི་བོད་ཀྱི་སྒྱུ་རྩལ་མཆོག་གསུམ་ཕ་རི་སི་ནས་འགྲེམས་སྟོན་བྱས་པ།
    ༄༅།།སྐུ་འབུམ་བྱམས་པ་གླིང་གི་བོད་ཀྱི་སྒྱུ་རྩལ་མཆོག་གསུམ་ཕ་རི་སི་ནས་འགྲེམས་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།